འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པས་དམངས་ཆེད་བྱ་བ་དངོས་ཁྲི་4ཙམ་
    བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་བཅུ་གཅིག་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པའི་ལས་བྱེད་པ་ཁྲི་2.18ལྷག་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲོང་ཚོ(གྲོང་ལྷན)5469རུ་བཅའ་སྡོད་ལས་དོན་སྤེལ་བ་དང་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུས་ཏེ་དམངས་ཆེད་བྱ་བ་དངོས་ཁྲི་3.98བསྒྲུབས་པ་རེད།
         ལོ་གཅིག་རིང་གྲོང་སྡོད་ལས་དོན་རུ་ཁག་གིས་བརྩེ་དུང་དང་འགན་འཁྲི་འཆང་བཞིན་དུ་འབྲོག་ར་དང་མུ་ཁར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་འདོད་བློ་ཉན་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ནས་འགོ་བཙུགས་ཏེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་། དཀའ་གནད་བསལ་བ། བྱ་བཟང་བསྒྲུབས་པ་མ་ཟད། ད་དུང་སྲིད་ཇུས་དང་། ཚན་རྩལ། འཕྲོད་བསྟེན། རིག་གནས། ཞབས་ཞུ་བཅས་གཤམ་སྤེལ་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་འགན་ལེན་ལྔ་དང་། དུད་ཚང་དབུལ་པོ། “རྒན་གྲས་གསུམ”མི་སྣ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པས་གཞི་རིམ་མང་ཚོགས་ལ་དཀའ་ངལ་འཕྲད་ཚེ་ལས་དོན་རུ་ཁག་འཚོལ་བ་དང་ལས་དོན་རུ་ཁག་ནི་མང་ཚོགས་ཀྱིས་ཡིད་ཆེས་ཆེ་ཤོས་བྱེད་སར་གྱུར་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
         གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལྟེ་བའི་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འདེབས་གསོ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། ཡུལ་སྐོར་རིག་གནས། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དབུལ་པོར་འགྱུར་རྐྱེན་དང་ཕྱུག་འགྱུར་ཐབས་ལམ་བཙལ་ནས“གཉེན་ཉེ་དབུལ་པོའི”དབུལ་སྒྲོལ་ཕྱུག་འགྱུར་གྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་ཐེངས་ཁྲི་4.77ལྷག་ཙམ་བྱས་པ་དང་དབུལ་སྐྱོར་རྣམ་གྲངས་942དང་མ་དངུལ་སྒོར་དུང་ཕྱུར་13.83བརྩོན་ལེན་བྱས་ཡོད། གྲོང་ཚོའི་མཉམ་སྡེབ་ལ་དཔལ་འབྱོར་དངོས་ཚན་5888འཕེལ་རྒྱས་གཏོང་རོགས་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་27.87ལྷག་ཙམ་ངལ་ནུས་ཕྱིར་གཏོང་བྱས་པས། མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་3.91མང་དུ་སོང་ཡོད།
         “དངུལ་དང་དངོས་པོ་སྤྲོད་པ་ལས་ཀྲི་པུའུ་ཡག་པོ་ཞིག་བཀོད་སྒྲིག་བྱས་ན་ལེགས”མིག་སྔའི་བར་ས་གནས་ཁག་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་ཏང་རྩ་འཛུགས་583ལེགས་སྒྲིག་བྱེད་རོགས་བྱས་པ་དང་རྗེས་གྲབས་ལས་བྱེད་པ་3000ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཏང་དོན་དང་གྲོང་དོན་ཡོངས་བསྒྲགས་སོགས་སྒྲིག་སྲོལ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་སྲོལ་རྙིང་གོམས་ངན་སོགས་མེད་པ་བཟོ་བའི་གྲོང་སྲོལ་དམངས་ཆིངས་ཁྲི་11ལྷག་ཙམ་བཟོས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།