འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་མང་ཚོགས་ཕིང་ཕང་སྤོ་ལོ་རྒྱག་རྩལ་རིམ་དབྱེའི་དཔྱད་ཞིབ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། རྒྱལ་ཡོངས་ཀྱི་མང་ཚོགས་ཕིང་ཕང་སྤོ་ལོ་རྒྱག་རྩལ་རིམ་དབྱེའི་དཔྱད་ཞིབ་བྱེད་འགོ་ཚུགས་པའི་མཛད་སྒོ་ཐེན་ཅིན་དུ་གཉེར་ཞིང་། དེ་ནས་བཟུང་། “ཕིང་ཕང་སྤོ་ལོའི་རིམ་དབྱེའི”དཔྱད་ཞིབ་དེ་འགྲན་བསྡུར་ལ་བརྟེན་མི་དགོས་པར་གཏན་འཁེལ་བྱས་པའི་སྤོ་ལོ་རྒྱག་རྩལ་གྱི་སྟོན་རྟགས་ཚོད་རྒྱུགས་བརྒྱུད་དོན་དངོས་ཀྱི་སྐར་གྲངས་དང་རྒྱག་རྩལ་དཔྱད་འཇོག་གི་སྐར་གྲངས་ལ་བརྟེན་ནས་གཏན་འཁེལ་བྱ་རྒྱུ་རེད།
         དཔྱད་ཞིབ་བྱ་ཡུལ་ལ་ན་ཚོད་རིམ་པ་ཚང་མའི་ལས་ཞོར་ཕིང་ཕང་སྤོ་ལོར་དགའ་པོ་ཡོད་མཁན་ཚུད་ཡོད་པ་དང་། དེ་ལས་ཕིང་ཕང་སྤོ་ལོར་དགའ་པོ་ཡོད་མཁན་ལ་དཔྱད་ཞིབ་བརྒྱུད་དེ་འབྲེལ་གྱི་རིམ་དབྱེའི་ལག་ཁྱེར་རག་རྒྱུ་ཡིན་པས། ཁོང་ཚོར་བདེ་ཐང་དང་དགའ་སྤྲོ་ཐོབ་པ་དང་ཆབས་ཅིག ཕིང་ཕང་སྤོ་ལོའི“ཐོབ་ཐང”དབང་རྒྱུ་རེད། ད་ཐེངས་ཀྱི་མང་ཚོགས་ཕིང་ཕང་སྤོ་ལོ་རྒྱག་རྩལ་རིམ་དབྱེའི་དཔྱད་ཞིབ་ལ་ལོ་ཚད་ཁག་གི་མི་བརྒྱ་ལ་ཉེ་བ་ཞུགས་ཡོད་པ་དང་། ཁོང་ཚོར་རིམ་པ་དང་པོ་ནས་དགུ་པ་བར་གྱི་དེ་འབྲེལ་གྱི་རིམ་དབྱེའི་ལག་ཁྱེར་རག་རྒྱུ་རེད། གཞན་ཡང་། སློབ་སྟོན་པ་དང་། ཤན་འབྱེད་པ། ལུས་རྩལ་པ་30ལྷག་ལ་ཐེན་ཅིན་གྱི་ཁག་དང་པོའི་རྒྱུགས་དཔོན་འོས་ཐོབ་རག་པ་རེད།
         ཐེན་ཅིན་དུ་རིམ་དབྱེ་དཔྱད་ཞིབ་དང་པོ་བྱས་པ་དང་ཆབས་ཅིག ཧོ་པེ་དང་། ཅང་སུའུ། ཧྲེན་ཀྲེན་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོར་ཡང་དུས་གཅིག་ཏུ་ཕིང་ཕང་སྤོ་ལོ་རྒྱག་རྩལ་རིམ་དབྱེའི་དཔྱད་ཞིབ་བྱས་པ་རེད། ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོ་ཐེན་ཅིན་གྲོང་ཁྱེར་ལུས་རྩལ་ཅུས་དང་ཧོ་ཧུའེ་ལུས་རྩལ་རིམ་དབྱེའི་ལག་རྩལ(ཧྲེན་ཀྲེན)ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།