འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཁ་ལི་ཧྥུ་ཉི་ཡ་མངའ་སྡེའི་སློབ་ཆུང་ཉེ་འཁོར་དུ་མེ་མདའ་བརྒྱབ་པའི་གྱོད་དོན་བྱུང་
    ནས་ཉུང་མཐར་ཡང་མི་5རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ཨ་རིའི་ཁ་ལི་ཧྥུ་ཉི་ཡ་མངའ་སྡེའི་(State of California)བྱང་ཕྱོགས་ཏི་ཧེ་མཱ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས། ས་གནས་དེ་གའི་སློབ་ཆུང་ཞིག་གི་ཉེ་འགྲམ་དུ་ཉིན་དེའི་སྔ་དྲོར་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་བས། ཉུང་མཐར་ཡང་མི་4རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ནང་དུ་སློབ་ཆུང་གི་སློབ་མ་ཚུད་པའི་མི་མང་པོ་རྨས་སྐྱོན་ཕོག་ཡོད། གཞན་ཡང་། མེ་མདའ་རྒྱག་མཁན་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་དམར་གསོད་བཏང་བ་ཡིན་ཟེར།   
         ས་གནས་དེ་གའི་སྨྱན་སྦྱོར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉུང་མཐར་ཡང་སློབ་ཆུང་གི་སློབ་མ་2ལ་རྡུག་རྡེག་ཕོག་ནས་རྨས་ཡོད་པས། སྨན་ཁང་དུ་བསྐྱལ་ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་ནང་ཁྱོན་བསྡོམས་ས་ཆ་ཁག་7ལ་མེ་བརྒྱབ་ཡོད་པ་རེད། ས་གནས་དེ་གའི་སློབ་ཆུང་གི་དཔོན་པོས། དོན་རྐྱེན་བྱུང་དུས། སློབ་ཆུང་ནང་དུ་ཕལ་ཆེར་སློབ་མ་100ཙམ་ཡོད་པ་དང་། སློབ་མ་མང་པོ་ཞིག་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་དུ་རྨས་སྐྱོན་བྱུང་ཡོད་པ་རེད། ཡིན་ནའང་། སློབ་གྲྭའི་ནང་ཁུལ་རྡུང་རྡེག་བཏང་ནས་བསད་རིགས་བྱུང་མེད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།