འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་ས་ཡོམ་རིམ་པ་7.3བྱུང་ནས་མི་
    445རྐྱེན་ལམ་དུ་ཤོར་བ་དང་མི་7370ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབྱི་རན་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་ས་ཡོམ་རིམ་པ་7.3བྱུང་ནས་མི་
445རྐྱེན་ལམ་དུ་ཤོར་བ་དང་མི་7370ལ་རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན་དབྱི་རན་དང་དབྱི་རག་མཐའ་མཚམས་ས་ཁུལ་དུ་བྱུང་བའི་ས་ཡོམ་དྲག་པོའི་ཁྲོད་དུ་དབྱི་རན་མངའ་ཁོངས་ཀྱི་མི་445རྐྱེན་ལམ་དུ་ཤོར་བ་དང་མི་7370ལ་རྨས་སྐྱོན་ཕོག་པ་རེད།
         པེ་ཅིང་དུས་ཚོད་ཚེས་14ཉིན་གྱི་ཞོགས་པའི་བར་དུ་དབྱི་རན་གཞུང་ཕྱོགས་ཀྱིས་ད་དུང་ས་ཡོམ་སྐོར་གྱི་གནས་ཚུལ་གསར་ཤོས་སྤེལ་མེད། དེ་སྔོན་བརྡ་ཁྱབ་སྤེལ་བའི་ཐོགག་ཏུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་407ཡིན་པ་དང་། དབྱི་རག་ཕྱོགས་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉུང་མཐར་ཡང་9ཡིན་པ་དང་། མི་བརྒྱ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         རྒྱལ་ཁབ་གཉིས་ཀྱི་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། རྒྱལ་ཁབ་དེ་གཉིས་ཀྱི་འགོ་ཁྲིད་ལས་ཁུངས་ཀྱིས་རོགས་སྐྱོབ་རུ་ཁག་མངག་གཏོང་བྱས་ཏེ་འཕྲལ་མར་ས་ཡོམ་བྱུང་ཁུལ་བསྐྱོད་ཡོད་ཅིང་། ས་ཡོམ་བྱུང་ཁུལ་ནི་རི་ཁུལ་ཡིན་པ་མ་ཟད། ས་ཡོམ་བྱུང་བ་ལས་རི་ཉུལ་བ་ཡང་བྱུང་བ་དང་། དབྱི་རག་ཏུ་ས་ཡོམ་བྱུང་ཁུལ་གྱི་སྨན་ཁང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པས། རོགས་སྐྱོབ་བྱེད་རྒྱུའི་དཀའ་ཚད་དེ་བས་ཆེ་བར་གྱུར་པ་རེད། འཕྲོ་ལུས་ས་ཡོམ་བྱུང་བར་སེམས་ཁྲལ་བྱེད་ཀྱི་ཡོད་པར་བརྟེན་ས་གནས་དེ་གའི་སྡོད་དམངས་རྣམས་ལ་གནས་སྐབས་ཁང་ཁྱིམ་ཕྱི་རོལ་དུ་བསྡད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད། ས་ཡོམ་བྱུང་ཁུལ་གྱི་མཚན་མོར་གྲང་ངར་ཧ་ཅང་ཆེ་བ་རེད། དབྱི་རན་གྱི་ཟླ་གསར་དམར་པོའི་ཚོགས་པས་མི་གྲངས་ཁྲི་7ལས་བརྒལ་བས་རོགས་སྐྱོར་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
    ༄༅།།དབྱི་རན་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་ས་ཡོམ་རིམ་པ་7.3བྱུང་ནས་མི་
445རྐྱེན་ལམ་དུ་ཤོར་བ་དང་མི་7370ལ་རྨས་སྐྱོན་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།