འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྣོད་བཅུད་ཁ་གསབ་སྒོར་དུང་ཕྱུར་192.67སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། གསར་འགོད་པས་2017ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད——བོད་ལྗོངས་ཀྱི་བྱ་སྤྱོད་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་བོད་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་སྣོད་བཅུད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་192.67དོན་འཁྱོལ་བྱས་པ་དེས་སྣོད་བཅུད་ལས་གནས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་62ལ་ཕན་པ་ཐོབ་ཡོད། དེ་དག་གཙོ་བོར་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའ་དང་། ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་ཐད་མངོན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་བཀག་སྡོམ་གསར་སྤེལ་ཁུལ་གྱི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། གནམ་གཤིས་དྲོ་རུ་འགྱུར་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་ཞན་དུ་འགྲོ་བའི་གནས་ཚུལ་འོག་བོད་ལྗོངས་ཀྱི་འཁྱགས་རོམ་གྱི་གནས་ཚུལ་ཞན་དུ་འགྲོ་བ་དང་། འཁྱགས་མཚོའི་རགས་ཁ་ཤོར་བ། མཐོ་གྲང་གི་སྤང་ལྗོངས་མང་པོར་ལོ་མང་རིང་ཆར་པ་དཀོན་པ། རྩྭ་ཐང་གི་རང་བྱུང་ཆ་རྐྱེན་ཞན་དུ་ཕྱིན་ནས་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་བྱ་ཆེད། བོད་ལྗོངས་ཀྱིས་ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱེད་པ་དང་སྣོད་བཅུད་ཀྱི་ཁ་གསབ་སྲིད་ཇུས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་པས་སྣོད་བཅུད་ཁོར་ཡུག་ཧྲིལ་པོ་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མ་དངུལ་སྒོར་དུང་ཕྱུར་17.3བཀོད་སྒྲིག་བྱས་པ་དེ་དག་ལྗོངས་ཡོངས་ཀྱི་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་ལམ་སྲོལ་དང་དེ་བཞིན་སྣོད་བཅུད་དབུལ་སྒྲོལ་ལས་གནས་ཀྱི་ཁ་གསབ་ལག་བསྟར་བྱ་རྒྱུར་སྤྱད་པ་དང་། མ་དངུལ་སྒོར་དུང་ཕྱུར་4.3དོན་འཁྱོལ་བྱས་ནས་ལྗོངས་ཡོངས་སུ་རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་སྒོ་ནས་གཅོད་རྒྱུ་ཕྱོགས་ཡོངས་ནས་བཀག་འགོག་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མིག་སྔའི་བར་སྲིད་ཇུས་དེ་བོད་ཀྱི་རྫོང་ཆུས(བོད་ལྗོངས་སུ་ཁྱོན་བསྡོམས་རྫོང་དང་ཆུས་74ཡོད་པ)65ལ་ཁྱབ་ཡོད་པ་རེད།
         གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། བོད་ལྗོངས་སུ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིངས་ཁྲི་1491ཡོད་པ་དང་ནགས་ཚལ་གསོག་ཉར་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.82ཟིན་ནས་ནགས་ཚལ་ཁྱབ་ཚད་12.14%ཟིན་ཡོད། ད་ཆ་སྤྱི་ཆིངས་8ཡན་གྱི་འདམ་ར་སྣ་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་652.90ཟིན་པ་དང་། ཕྱུགས་བཀག་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་12938དང་རྩྭ་ཕྱུགས་དོ་སྙོམས་ཀྱི་རྒྱ་ཁྱོན་མུའུ་ཁྲི་86690.05ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།