འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྷོ་སྣེ་ཚན་རིག་རྟོག་ཞིབ་ཐེངས་34པའི་རུ་ཁག"གངས་འབྲུག"རྟགས་ཅན་
    ལ་བསྡད་ནས་རྡོག་ཐོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིནསྔ་དྲོར། ཀྲུང་གོའི་ལྷོ་སྣེ་ཚན་རིག་རྟོག་ཞིབ་ཐེངས་34པའི་རུ་ཁག“གངས་འབྲུག”རྟགས་ཅན་ལ་བསྡད་ནས་སའི་གོ་ལའི་ལྷོ་སྣེར་སླར་ཡང་རྒྱང་སྐྱོད་བྱས་པ་རེད།
         འགྲུལ་སྐྱོད་ཀྱི་འཆར་གཞི་ལྟར་ན། “གངས་འབྲུག”རྟགས་ཅན་ཐོན་རྗེས་ཧ་ལམ་ཉིན་18གྱི་རྗེས་སུ་ནེའུ་ཙི་ལན་གྱི་ཡེ་ཤུའི་མཁར་དུ་མཁོ་སྤྲོད་དང་ལེན་བྱ་རྒྱུ་དང་། དེ་རྗེས་མུ་མཐུད་ལྷོ་རུ་ཕྱོགས་ནས་ལུའོ་སི་མཚོའི་ནུབ་འགྲམ་དུ་གནས་པའི་ཨེན་ཁོ་སི་པའོ་གླིང་ཕྲན་དུ་བསྐྱོད་རྒྱུ་ཡིན་ཞིང་། དེ་གར་ཀྲུང་གོའི་ལྷོ་སྣེ་ཚན་རིག་རྟོག་ཞིབ་ཐེངས་34པའི་རུ་ཁག་གིས་ཀྲུང་གོར་ལྷོ་སྣེའི་རྟོག་ཞིབ་ས་ཚིགས་5པ་བསྐྲུན་ཆེད་དུས་འགོའི་གྲ་སྒྲིག་བྱ་རྒྱུ་རེད།
         ཀྲུང་གོའི་སྣེ་ས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཀྲུང་གོའི་ལྷོ་སྣེ་ཚན་རིག་རྟོག་ཞིབ་ཐེངས་34པའི་རུ་ཁག་གི་སྣེ་ཁྲིད་པ། དབུ་བཞུགས་ཚན་རིག་མཁས་ཅན་བཅས་ཡིན་པའི་དབྱང་ཧུའེ་ཀེན་གྱིས། རྟོག་ཞིབ་བྱེད་རིང“སྐམ་ས་དང་། རྒྱ་མཚོ། རླུང་ཁམས་ཆེན་པོ། འཁྱག་རོམ། སྐྱེ་དངོས”བཅས་ཀྱི་རིག་ཚན་མང་པོ་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་བྱས་ཏེ་རྒྱལ་ཁབ་ལྷོ་སྣེ་ལྟ་ཞིབ་དང་ཚད་ལེན་དྲ་བ་འཛུགས་སྐྱོང་དང་། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བརྟག་དཔྱད། ཚིགས་ཁུལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་བསྒྲུབ་རྒྱུ་དང་། སའི་གོ་ལའི་དངོས་ཁམས་ཀྱི་རྒྱུན་ཚུལ་དང་ཨ་མོང་སེན་རྒྱ་མཚོའི་ཁོར་ཡུག་སོགས་ལ་བརྟག་དཔྱད་ལས་དོན་སྤེལ་རྒྱུ་ཡིན་ཞེས་བརྗོད།
         ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ཐེངས་34པའི་སྤྱིའི་ལས་ཀའི་ཇུས་གཞི་ལྟར་ན། “གངས་འབྲུག”རྟགས་ཅན་2018ལོའི་ཟླ་4པར་རྒྱལ་ནང་དུ་ལོག་རྒྱུ་ཡིན་ལ་ལས་འགན་སྒྲུབ་ཡུན་ཉིན་164དང་འགྲུལ་སྐྱོད་ལམ་ཐག་མཚོ་ལེ་ཁྲི་3.7ལྷག་ཟིན་གྱི་ཡོད། “གངས་འབྲུག”རྟགས་ཅན་གྱི་འགྲུལ་སྐྱོད་ལམ་ཐིག་ཞིབ་ཕྲ་ནི། ཧྲང་ཧའེ་གྲུ་ཁ་དང་། ནེའུ་ཙི་ལན་གྱི་ཡེ་ཤུའི་མཁར། ཨེན་ཁོ་སི་པའོ་གླིང་ཕྲན། ཀྲུང་ཧྲན་ས་ཚིགས། ཕུའུ་ལི་ཚི་མཚོ་ཁུག ཏའེ་ཝེ་སི་མཚོ། ཨེན་ཁོ་སི་པའོ་གླིང་ཕྲན། ནེའུ་ཙི་ལན་གྱི་ཡེ་ཤུའི་མཁར། ཨ་མོང་སེན་རྒྱ་མཚོ། ཧྲང་ཧའེ་གྲུ་ཁ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།