འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་《གསར་འགོད་པའི་དུས་ཆེན་》གྱི་དྲན་གསོའི་སྦྲག་རྟགས་ཐོག་མར་
    འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དི་ལོའི་ཟླ་11ཚེས་8ཉིན་ནི་གསར་འགོད་པའི་དུས་ཆེན་ཐེངས་18ཡིན་ཞིང་། གོང་ཚེས་ཉིན་ཀྲུང་གོའི་སྦྲག་སྲིད་ཀྱིས《གསར་འགོད་པའི་དུས་ཆེན》གྱི་དྲན་གསོའི་སྦྲག་རྟགས་ཆ་ཚང་གཅིག་འགྲེམས་སྤེལ་བྱས་པ། དེ་ནི་རང་རྒྱལ་གྱིས་གསར་འགོད་པའི་དུས་ཆེན་གྱི་དྲན་གསོའི་སྦྲག་རྟགས་ཐོག་མར་འགྲེམས་སྤེལ་བྱས་པ་ཞིག་ཡིན།
         སྦྲག་རྟགས་ངོས་ཀྱི་རི་མོར་དེང་རབས་ཀྱི་ཚོར་སྣང་ལྡན་པའི་ལག་རྩལ་དང་ཚོས་གཞི་སྤྱད་ཡོད་ཅིང་། རི་མོའི་ངོས་ཀྱི་ལྕགས་སྨྱུག་ལས་གསར་འགོད་པས་མི་རིགས་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་འགན་འཁྲིར་སྲུང་སྐྱོང་བྱེད་པའི་ཆེད་ལས་སྙིང་སྟོབས་དང་གདེང་ཚོད་ཀྱིས་ཁེངས་པའི་ཉམས་འགྱུར་མཚོན་པར་བྱས་ཡོད། གཞོགས་གཉིས་ཀྱི་ཐིག་རིས་དང་གྲུ་ཐིག་ལས་གྲུབ་པའི་སྒོར་དབྱིབས་གཉིས་ཀྱིས་སའི་གོ་ལ་དང་དེང་རབས་དྲ་རྒྱའི་མ་ལག་ཁག་སོ་སོར་མཚོན་པ་དང་། དེ་ལས་སྨྱན་སྦྱོར་གསར་པའི་དུས་རབས་སུ་གསར་འགྱུར་བརྒྱུད་སྤེལ་སྨྱན་སྦྱོར་ལས་མངོན་པའི་སྣ་མང་ཅན་དང་གོ་ལ་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་རྣམ་པ་མཚོན་ཡོད། རི་མོའི་ཁྲོད་ཀྱི་སྐད་དུང་དང་། པར་ཆས། སྒྲ་འཇུག་སྨྱུ་གུ་སོགས་རྣམ་པ་མི་འདྲ་བའི་བཅར་འདྲི་རྩོམ་སྒྲིག་ཡོ་བྱད་ཀྱི་མཚོན་རིས་དང་སྲུང་སྐར་དང་ས་ངོས་འཕེན་གཏོང་ས་ཚིགས་སོགས་ཀྱི་གཞི་རྒྱུ་ཟུང་འབྲེལ་གྱིས་དེང་དུས་གསར་འགོད་པའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་འབུར་དུ་ཐོན་པར་བྱས་ཡོད། དེ་དང་ཆབས་ཅིག ལྕགས་སྨྱུག་དང་གཞོགས་གཉིས་ཀྱི་སྒོར་དབྱིབས་རི་མོ་ལས་འཕུར་ལྡིང་ལ་རོལ་བའི་ཕྱེ་མ་ལེབ་ཀྱི་གཟུགས་བརྙན་གྲུབ་པ་དེ་ལས་གསར་འགོད་པས་མཛེས་ཤོས་དང་བཟང་ཤོས་འཚོལ་སྙེགས་བྱེད་པ་དང་། སྔོན་ཐོན་རིག་གནས་བརྒྱུད་སྤེལ་གྱི་འགན་འཁུར་བ། ཞི་མཐུན་སྤྱི་ཚོགས་ལ་སྣེ་ཁྲིད་དང་སྲུང་སྐྱོང་བཅས་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་ལ་སྐུལ་སྤེལ་གཏོང་བའི་བླ་ན་མེད་པའི་ལས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་མཚོན་ཡོད།
         སྦྲག་རྟགས་ཆ་ཚང་དེའི་གནས་ཐང་སྒོར་1.20ཡིན་པ་དེ་ཀྲུང་གོའི་ཤང་ཀང་གི་འཆར་འགོད་མཁས་ཅན་ཧན་པིང་ཧྭ་ཡིས་འཆར་འགོད་བྱས་པ་དང་པེ་ཅིང་སྦྲག་རྟགས་བཟོ་གྲྭ་ནས་དཔར་དུ་བཏབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།