འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་རིག་ནུས་ལག་ཐོགས་ཁ་པར་གྱི་སྐད་ཆ་ཤོད་དབང་རིམ་
    བཞིན་ཆེ་རུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། བཟོ་འཕྲིན་པུའི་གློག་རྡུལ་ཆ་འཕྲིན་སིའི་སི་ཀྲང་གཞོན་པ་ཆའོ་གཡོད་ཧྲན་གྱིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རིག་ནུས་མཐའ་སྣེའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་རིག་ནུས་ལག་ཐོགས་ཁ་པར་གྱི་ཐོན་ཚད་རིམ་བཞིན་འཕར་ཏེ་ཚོང་ཟོག་འདོན་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། རྒྱལ་སྤྱིའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་རིག་ནུས་ལག་ཐོགས་ཁ་པར་གྱི་སྐད་ཆ་ཤོད་དབང་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད།
         ཆའོ་གཡོད་ཧྲན་གྱིས་ཉེ་ཆར་འཚོགས་པའི་2017ལོའི་ཀྲུང་གོའི་རིག་ནུས་མཐའ་སྣེའི་ཐོན་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་བཤད་དོན། རང་རྒྱལ་གྱི་རིག་ནུས་མཁྲེགས་ཆས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྒུལ་བདེའི་ཉེར་སྤྱོད་APPམང་པོ་ཐོན་ནས་གསར་གཏོད་རྣམ་པའི་ཁེ་ལས་ཀྱང་མང་པོ་ཞིག་ཐོན་པ་དང་སྦྲགས་སྲོག་ཤིང་ལག་རྩལ་དང་ཞིབ་འཇུག་གསར་སྤེལ་གྱི་འཇོན་ཐང་ཡང་ཇེ་ཆེར་ཕྱིན་ཡོད། འོན་ཀྱང་རང་རྒྱལ་གྱི་རིག་ནུས་མཐའ་སྣེའི་ཐོན་ལས་ལ་སྔར་བཞིན་འགྲན་སློང་དྲག་པོ་འཕྲད་པ་སྟེ། ལག་ཐོགས་ཁ་པར་གྱི་ཇུས་འགོད་གསར་གཏོད་རིགས་འདྲ་ཅན་གྱི་རྣམ་པ་མངོན་གསལ་དོད་པ་དང་། རིག་ནུས་མཁྲེགས་ཆས་གསར་གཏོད་འདྲ་ཕབ་དང་ལད་ཟློས་དུས་མཚམས་སུ་གནས་པ། རང་བརྟེན་ཚོད་འཛིན་ཐུབ་པའི་སྤྱོད་བདེའི་བཀོལ་སྤྱོད་མ་ལག་ཉུང་བ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།