འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྦྱོང་ཞོར་དུ་ཟིན་བྲིས་སུ་འགོད་》ཅེས་པ་པར་
    སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། བརྒྱུད་ལམ་སྣ་མང་དང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་ཕྱིར། མི་དམངས་དཔེ་སྐྲུན་ཁང་གིས་ཉིན་ཤས་གོང་གྲངས་གཞིའི་དཔེ་སྐྲུན་གྱི་ལག་རྩལ་གསར་པ་སྤྱད་དེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བརྙན་ལམ་དཔེ་དེབ་པར་སྐྲུན་བྱས་པ་རེད། དཔེ་དེབ་འདིའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཆ་ཚང་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོས་ཞིབ་དང་གྲོས་ཐག་ཆོད་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་》 ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བརྙན་ལམ་དང་དེ་བཞིན་རང་རྒྱུགས་རང་ལེན་གྱི་སློབ་སྦྱོང་དྲི་གཞི་200བཅས་བསྡུས་ཡོད་པ་མ་ཟད། ཤོག་ལྷེ་སྟོང་པ་གང་ཙམ་ཞིག་བཞག་ཡོད་པ་དེ་དག་ཐོག་སློབ་སྦྱོང་གི་ཟིན་བྲིས་འགོད་ཆོག་གི་ཡོད་པ་རེད།
         ཀློག་པ་པོས་དཔེ་དེབ་དེའི་ཁ་ཤོག་ཐོག་གི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་དང་། རྩོམ་པ་པོ། རྩོམ་སྒྲིག་པ་སོགས་ཕྱོགས་མང་པོའི་མི་སྣ་ཡོད་པའི་ཚོགས་པར་འཛུལ་ཐུབ་པ་དང་སྦྲགས། དཔེ་དེབ་ཀྱི་ནང་དོན་དང་བསྟུན་པའི་སྤྱི་ཚོགས་ཀྱི་འབྲེལ་བ་དང་། དྲི་བ་དྲིས་ལན། རང་རྒྱུགས་རང་ལེན་སོགས་ཀྱི་ཞབས་ཞུ་ཐོལ་པ་ཡང་ལོངས་སུ་སྤྱོད་ཐུབ།
         ངོ་སྤྲོད་བྱས་པར་གཞིགས་ན། དཔེ་དེབ་དེར་གཤམ་གྱི་ནུས་པ་དང་ཞབས་ཞུའི་ཁྱད་ཆོས་ལྡན་ཡོད་པ་སྟེ། གཅིག་ནི་དྲི་བ་དྲིས་ལན་གྱི་ནུས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་གླེང་མང་བ་དང་། དཀའ་གནད། གཙོ་གནད་བཅས་ཀྱི་གནད་དོན་ཐད་ཀྲེན་པི་ཅན་དང་། ཝུའེ་ལི་ཆུན། ལི་ཅུན་རུའུ། ཝང་པིང་ལིན། ཏུང་ཀྲེན་ཧྭ། ཧྲེན་ཁྲོན་ལེང་། ཧོང་ཤང་ཧའེ་བཅས་རིགས་གཅིག་མཁས་ཅན་7དང་སྤེལ་རེས་བྱེད་ཆོག་པ་དང་། གཉིས་ནི་སྤྱི་ཚོགས་འབྲེལ་བའི་ནུས་པ། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་ཚུལ་དང་མྱོང་ཚོར་གང་བྱུང་བ་ཀློག་པ་པོ་གཞན་དང་སྤེལ་རེས་བྱེད་ཆོག གསུམ་ནི་དཔེ་འཛར་གྱི་ནུས་པ། སྦྱོང་ཞོར་དུ་ཟིན་བྲིས་རྒྱག་པ་དང་སྦྲགས། པར་བླངས་ནས་དྲ་ཐོག་ཏུ་བསྐུར་ཆོག་པ་དང་ལག་ཐོགས་ཁ་པར་གྱི་APPབརྒྱུད་སློབ་སྦྱོང་མྱོང་ཚོར་སྤེལ་ཆོག བཞི་ནི་རང་རྒྱུགས་རང་ལེན་གྱི་ནུས་པ། སློབ་སྦྱོང་གི་སྦྱངས་འབྲས་ལ་རང་རྒྱུགས་རང་ལེན་བྱེད་ཆོག་པ་དང་འབྲེལ། སྦྱངས་འབྲས་དང་དྲིས་ལན་ཡང་དག་མཐོང་རྒྱུ་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།