འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཨོ་རོང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གསའ་འཚོ་གནས་བྱ་ཚུལ་ཅུང་ལེགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་ནི་འཛམ་གླིང་གསའི་ཉིན་མོ་ཡིན་ཞིང་། ཉིན་དེར་སི་ཁྲོན་ཨོ་རོང་སྲུང་སྐྱོང་ཁུལ་ནས། སི་ཁྲོན་ཨོ་རོང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གསའ་འཚོ་གནས་བྱ་ཚུལ་ཅུང་ལེགས་པོ་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
         ཨོ་རོང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོན་ཀྲའོ་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཨོ་རོང་སྲུང་སྐྱོང་ཁུལ་དེ་ལྷོ་ནུབ་རི་རྒྱུད་དུ་ཡོད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཀུན་གྱིས་དོ་སྣང་བྱ་ཡུལ་གྱི་ལྟེ་བ་སྟེ་ཆུང་ལའེ་རི་རྒྱུད་དུ་གནས་པ་དང་། ཨོ་རོང་གི་གསའ་ཆུང་ལའེ་རི་རྒྱུད་ཀྱི་ལྟེ་བའི་ས་ཁོངས་སུ་ཁྱབ་ནས་གསའ་གཞན་གྱི་འཚོ་གནས་བྱ་ཡུལ་དང་བར་ཐག་རིང་པོ་ཡོད་པས། བལྟོས་བཅས་བཀག་སྡོམ་གྱི་དམིགས་བསལ་ཁྱུ་ཚོགས་ཤིག་ཡིན་ལ་གྲོང་ཁྱེར་ཆེན་པོ་དང་ཐག་ཉེ་ཤོས་ཀྱི་རྩ་ཆེའི་སྲོག་ཆགས་རིགས་ཤིག་ཀྱང་རེད། ཁོང་གིས“ཁྲེང་ཏུའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པ་འདི་ནི་མི་འབོར་ཁྲི་སྟོང་ཡོད་པའི་གྲོང་ཁྱེར་ཆེན་པོ་དང་བར་ཐག་ཉེ་ཤོས་ཀྱི་སྲོག་ཆགས་སྲུང་སྐྱོང་ཁུལ་གཙོ་བོ་ཞིག་ཡིན། དམིགས་བསལ་རང་བཞིན་མང་པོ་ལས་ཨོ་རོང་གི་གསའ་ལ་ཞིབ་འཇུག་བྱེད་རིན་ཆེན་པོ་ལྡན་ཡོད”ཅེས་ཏོན་ཀྲའོ་ཀང་གིས་བཤད།
         2009ལོའི་ཟླ་དང་པོར། ཨོ་རོང་གིས་གསའ་ཡི་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་རྣམ་གྲངས་ལག་ལེན་བསྟར་ནས་ཟླ་འདིར་དམར་ཕྱིའི་པར་ཆས་ཀྱིས་ས་ཆ་གཅིག་ནས་གསའ་པར་གཉིས་ཐེབས་པ་ནི་ཆུང་ལའེ་རི་རྒྱུད་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གསའ་ཡི་དངོས་པར་ཐོག་མ་དེ་ཡིན་པས་གསའ་ཤར་ལྷོའི་མཐའ་ཁུལ་དུ་ཁྱབ་པའི་ཟིན་ཐོ་གསར་པ་བཏོད་ཡོད།
         2017ལོའི་ལོ་སྟོད་དུ། ཨོ་རོང་སྲུང་སྐྱོང་ཁུལ་གྱི་ཕྱི་རོལ་ཚན་ཞིབ་མི་སྣས་དེ་གོང་ཁོང་དུ་ཆུད་པའི་གསའ་ཡི་རྗེས་ཤུལ་ལ་གཞིགས་ནས་ཆན་ལེང་རི་ཁུལ་དུ་དམར་ཕྱིའི་པར་ཆས་27སྒྲིག་སྦྱོར་བྱས་པ་དང་སྒྲིག་སྦྱོར་བྱ་ཡུལ་གྱི་ས་བབ་མཐོ་ཤོས་དེ་སྨི་5700ལྷག་ཙམ་ཟིན་གྱི་ཡོད། ཟླ་དྲུག་པའི་ཟླ་དཀྱིལ་དུ་སྲུང་སྐྱོང་ཁུལ་གྱི་ཚན་ཞིབ་སྲུང་སྐྱོང་མི་སྣས་དུས་ཡུན་ཉིན་11རིང་ལ་བརྒལ་ཀླུང་བརྒལ་བརྒྱུད་པར་ཆས་དང་གྲངས་གཞི་བདེ་བླག་ངང་ཚུར་བསྡུ་བྱས་ནས་སྐར་མ་13གྱི་གསའ་ཡི་བརྙན་པར་རག་པས། གསའ་ཡི་པར་347གསལ་པོ་མཐོང་ཐུབ་པ་དང་གསའ་པར་ཐེངས་364བརྒྱབ་ཡོད། འདི་ནི་ཨོ་རོང་སྲུང་སྐྱོང་ཁུལ་གྱིས་2009ལོར་བདག་ཏུ་མ་བཟུང་བའི་སྲོག་ཆགས་གསའ་ཡི་པར་ཐོག་མར་རག་ཚུན་གསའ་ཡི་བརྙན་པར་ཟིན་ཐོ་འགོད་ཐེངས་མང་ཤོས་ཤིག་ཡིན། 
      

    ཕྱོགས་བསྡུས་གསར་འགྱུར།