འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི"རྒྱུད་གཅིག་ལམ་གཅིག"གི་མི་དམངས་ཤོག་སྒོར་གྱི་
    ཆེད་སྤྱོད་དངུལ་བུན་ཨེ་ཅིབ་ལ་ཐོག་མར་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཁེ་རོར་ཨེ་ཅིབ་ཀྱི་ཚོང་ལས་དངུལ་ཁང་གཙོ་བོ་སྟེ། ཨ་རབ་རྒྱལ་སྤྱིའི་དངུལ་ཁང་དང་ཆེད་སྤྱོད་དངུལ་བུན་མི་དམངས་ཤོག་སྒོར་དུང་ཕྱུར་2.6དང་ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་གི་ཆེད་སྤྱོད་དངུལ་བུན་ཨ་སྒོར་ཁྲི་4000གཏོང་རྒྱུའི་གན་རྒྱ་བཞག་པའི་ཐོག་ནས་དངུལ་ཁང་དེའི“རྒྱུད་གཅིག་ལམ་གཅིག”གི་མི་དམངས་ཤོག་སྒོར་གྱི་ཆེད་སྤྱོད་དངུལ་བུན་ཨེ་ཅིབ་ཏུ་ཐོག་མར་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།
         ཉིན་དེར་ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དངུལ་ཁང་ཆེ་གྲས་གཉིས་པ་ཨེ་ཅིབ་དངུལ་ཁང་དང་《ཀྲུང་ཨེའི“རྒྱུད་གཅིག་ལམ་གཅིག”གི་མི་དམངས་ཤོག་སྒོར་གྱི་ཆེད་སྤྱོད་དངུལ་བུན་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོའི་》ཐོག་མིང་རྟགས་བཀོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་གཏོང་རྒྱུའི་གན་རྒྱ་བཞག་པའི་ཆེད་སྤྱོད་དངུལ་བུན་མི་དམངས་ཤོག་སྒོར་དུང་ཕྱུར་2.6དག་ཨེ་ཅིབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། གློག་ཤུགས། ནུས་རྒྱུ། འཕྲིན་གཏོང་། འགྲིམ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གཏོང་རྒྱུ་དང་དེ་བཞིན་ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་གི་ཆེད་སྤྱོད་དངུལ་བུན་ཨ་སྒོར་ཁྲི་4000དག་ཨེ་ཅིབ་ཀྱི་ཁེ་ལས་འབྲིང་ཆུང་གི་རྣམ་གྲངས་འཛུགས་སྐྲུན་ཐད་རོགས་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།