འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བོད་རིགས་སློབ་ཆེན་སློབ་མའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་གྱི་བོད་རིགས་སློབ་ཆེན་སློབ་མའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན་གྱི་དགོང་མོར། མཚོ་སྔོན་སློབ་ཆེན་གྱི་བོད་རིགས་སློབ་ཆེན་སློབ་མ་ཡིས་སློབ་གྲྭ་ནས་བརྗོད་དོན་ལ"མཚོ་སྔོན་སློབ་ཆེན་ལ་བཀའ་དྲིན་ཞུ། མཚར་སྡུག་ལང་ཚོ་དབྱངས་སུ་གྱེར"ཞེས་པའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ་སྤེལ་བ་རེད། མཚོ་སྔོན་སློབ་ཆེན་ནོར་སྲིད་སློབ་གླིང་གི་སློབ་ཆེན་ལོ་རིམ་བཞི་པའི་སློབ་མ་དཔལ་ལྡན་རིན་ཆེན་གྱིས་བོད་རིགས་གྲགས་ཅན་མང་པོ་ཞིག་དང་མཉམ་དུ་《བཀའ་དྲིན་ཞུ་》ཞེས་པ་དང་། 《ཡུམ་ཆེན་གྱི་སེམས་འདུན》 《རང་བྱུང་ཁོར་ཡུག》 《ཆེས་མཛེས་པའི་སྨོན་འདུན》 《དགའ་འཛོམས་》སོགས་ཀྱི་བོད་པའི་གླུ་གཞས་མང་པོ་ཞིག་བླངས་པ་རེད། མཚོ་སྔོན་ཡུལ་ཤུལ་ཁུལ་ནས་སྐྱེས་པའི་དཔལ་ལྡན་རིན་ཆེན་གྱིས་ད་དུང་ཆེད་དུ་མ་ཡུལ་སློབ་ཆེན་ལ་ཕུལ་མའི་གླུ་དབྱངས་《མཚོ་སྔོན་སློབ་ཆེན་ལ་བཀའ་དྲིན་ཞུ་》ཞེས་པ་བླངས་སྟབས། སློབ་གྲྭའི་མི་རིགས་ཁག་གི་དགེ་སློབ་ཚང་མས་དགའ་འབོད་དང་རམ་འདེགས་བྱས་ཡོད་ལ། དགོང་ཚོགས་ཡུལ་དངོས་སུ་དྲང་ནུས་ཀྱིས་ཁྱབ་པར་གྱུར་ཡོད་པ་རེད།
    ༄༅།།མཚོ་སྔོན་གྱི་བོད་རིགས་སློབ་ཆེན་སློབ་མའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ།
    ༄༅།།མཚོ་སྔོན་གྱི་བོད་རིགས་སློབ་ཆེན་སློབ་མའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ།
    ༄༅།།མཚོ་སྔོན་གྱི་བོད་རིགས་སློབ་ཆེན་སློབ་མའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ།
    ༄༅།།མཚོ་སྔོན་གྱི་བོད་རིགས་སློབ་ཆེན་སློབ་མའི་མི་སྒེར་གྱི་གླུ་ལེན་དགོང་ཚོགས་ཐོག་མ།
      

    ཕྱོགས་བསྡུས་གསར་འགྱུར།