འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།

    "ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ། བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་སྐབས་བཅུ་པ"པེ་ཅིང་དུ་སྤེལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།
          མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་དགའ་བསུ་བྱེད་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས"ཏང་གི་བཀའ་དྲིན་གླེང་ཞིང་སྲོག་ཤིང་ལ་དགའ་བ། མཐུན་སྒྲིལ་གླེང་ཞིང་མེས་རྒྱལ་ལ་དགའ་བ། བྱས་རྗེས་གླེང་ཞིང་ཁྱིམ་གཞིས་ལ་དགའ་བ། ཤེས་རིག་གླེང་ཞིང་འཚོ་བ་ལ་དགའ་བ"ཡི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་སྟོན་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་གཙོ་གཉེར་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པ། མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་གཉེར་འགན་ཁུར་ཤིང་། ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པའི"ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ། བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་སྐབས་བཅུ་པ"ཉེ་སྔོན་པེ་ཅིང་གྲོང་ཁྱེར་གྱི་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་བ་རེད། ཐེངས་འདིའི་འགྲེམས་སྟོན་དུ་ཁྱོན་བསྡོམས་པར་རིས་བརྩམས་ཆོས་198བཀྲམས་ཡོད་ལ། དེའི་ཁྲོད་ཀྱི་བརྩམས་ཆོས་ཁག་གཅིག་ནི་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་དུ་ཚུད་པའི་བརྩམས་ཆོས་ལས་བདམས་པ་དང་། ཁག་གཅིག་ནི་པར་ལེན་རྩ་འཛུགས་ཨུ་ལྷན་གྱི་ཆེད་མངགས་འདོན་སྤྲོད་བྱས་པ་ལས་བདམས་པ་རེད།
           2008ལོར། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་གསར་དུ་བཙུགས་པ་ནས་བཟུང་། རྒྱུན་པར་བོད་ལྗོངས་ས་གནས་སུ་འགྲེམས་སྟོན་བྱས་པ་རེད། ད་ལོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་སྤྲོ་སེམས་དང་མེས་རྒྱས་དར་རྒྱས་གོང་འཕེལ་གྱི་ཡིད་འོང་རེ་སྨོན་མཚོན་ཆེད། པར་རིས་འགྲེམས་སྟོན་གྱི་སྒོ་ནས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་སྙན་ཞུ་ཕུལ་ནས་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་སྐབས་བཅུ་པ་ཐེངས་དང་པོར་རྒྱལ་ས་པེ་ཅིང་དུ་སྤེལ་བ་རེད། 
        2008ལོ་ནས་བཟུང་། བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་དུ་ཁྱོན་བསྡོམས་པར་ལེན་མཁན་2300ལྷག་ཙམ་པར་ལེན་དཔུང་སྡེ་ལ་ཞུགས་ཡོད་ཅིང་། ཁྱོན་བསྡོམས་པར་རིས་བརྩམས་ཆོས་ཁྲི་11.2ཙམ་སྡུད་ལེན་བྱས་ཡོད་ལ། པར་རིས་6300ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། ལོ་བཅུ་རིང་གི་དཀའ་སྤྱད་འབད་པ་བྱས་མཐར། བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་གྱིས་གསོན་ཉམས་ལྡན་པའི་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ། དེ་མ་ཟད་བོད་ལྗོངས་ཀྱི་ཐུན་མིན་རང་བྱུང་མཛེས་ལྗོངས་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་མངོན་སྟོན་བྱས་ཏེ་བོད་ལྗོངས་མངོན་སྟོན་དང་བོད་ལྗོངས་དྲིལ་བསྒྲགས་ཀྱི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ། བོད་ལྗོངས་ཀྱི་རིག་གནས་དར་རྒྱས་དང་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྣེ་ཁྲིད་ཀྱི་སྤྱི་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
          སྐབས་འདིའི་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་ནི་《འགོ་བརྗོད་》དང་། ལེའུ་དང་པོ་《བདེ་སྐྱིད་ཀྱི་ཁྱིམ་གཞིས་》ཞེས་པ། ལེའུ་གཉིས་པ་《ཞི་མཐུན་གྱི་ཁྱིམ་གཞིས་》ཞེས་པ། ལེའུ་གསུམ་པ་《མཛེས་སྡུག་གི་ཁྱིམ་གཞིས་》ཞེས་པ། 《མཇུག་བསྡུ་བ་》ཞེས་པ་བཅས་ཁག་ལྔ་ལས་གྲུབ་ཡོད་པ་རེད།
    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།
    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།
    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།
    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།
    ༄༅།།པར་ཆས་ཀྱི་ཤེལ་མིག་ཁྲོད་ཀྱི་མཛེས་པའི་བོད་ལྗོངས།
      

    ཕྱོགས་བསྡུས་གསར་འགྱུར།