འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དང་ཅིང་ཏུང་དབར"དྲ་སྦྲེལ+"ཀྱི་མཉམ་ལས་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཅིང་ཏུང་ཚོགས་པས་ལྷ་སར“དྲ་སྦྲེལ+”ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་སྐོར་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཀྱི་ལས་སྟེགས་ཐུན་མོང་ཐོག་བསྐྲུན་ནས་བོད་ཀྱི་ཐོན་ལས་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་གཏོང་རྒྱུ་རེད། “ཀྲུང་གོའི་ཡུལ་ཟོག·བོད་ཀྱི་དབུལ་སྐྱོར་ཁང”དེ་ཉིན་དངོས་སུ་དྲ་ཐོག་ཏུ་སྒོ་ཕྱེ་བ་རེད།
         ཚེས་14ཉིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་《“དྲ་སྦྲེལ+”ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་རེད། བོད་ཀྱིས་ཅིང་ཏུང་དང་མཉམ་དུ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་རྒྱུན་མཐུད་འཕེལ་རྒྱས་གཏོང་ཡུལ་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་བོད་ཀྱི་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་། སྨན་བཅོས་ཞབས་ཞུའི་ལས་སྟེགས། སློབ་གསོའི་སྤྱི་པའི་ཞབས་ཞུའི་ལས་སྟེགས། དེ་བཞིན་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་དང་ལས་གཏོད་རྟེན་གཞི་བཅས་ཐུན་མོང་ཐོག་བསྐྲུན་ནས། བོད་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་གསོན་ཤུགས་གསར་པ་སྦྱིན་རྒྱུ་ཡིན་པ་རེད།
         “བོད་ཀྱི་གནམ་གཤིས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས། ཀོ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་སྤུས་ལེགས་ཀྱི་ཁྱད་ལྡན་ཐོན་རྫས་ཐོན་གྱི་ཡོད། དེར་བརྟེན་དྲ་སྦྲེལ་ཚོང་གཉེར་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད། ཅིང་ཏུང་གིས་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཡུལ་ཟོག་ཐོན་རྫས་དྲ་ཐོག་ཏུ་སྟོན་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་ཅིང་ཏུང་ཚོགས་པའི་ལས་སྒྲུབ་སྤྱི་ཁྱབ་ཙུང་ཚའེ་གཞོན་པ་སྤྱི་པའི་ལས་དོན་དབུ་བཞུགས་དཔོན་གཅིག་ལྕོགས་ལན་ཡེས་བརྗོད།
         འདི་ལོའི་ཟླ་5པར་ཅིང་ཏུང་གི་ལྷ་སའི་མཛོད་ཁང་ཟོག་འགྲེམས་ཁུལ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེ་བོད་ཀྱི་དྲ་ཐོག་ཚོང་དོན་ཁེ་ལས་ཆེད་སྤྱོད་ཟོག་འགྲེམས་ཁུལ་དང་པོར་གྱུར་ནས་ལྷ་སའི་དྲ་ཐོག་ཟོག་ཉོ་འདེབས་སྐྱེལ་ཉིན་དེ་རང་དུ་འབྱོར་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།