འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཆེན་སྙན་ཞུ་ལས་གོ་ལ་ཧྲིལ་པོའི"གྲངས་འཛིན་འགལ་རྐྱེན་
    ཆེན་པོ"གསལ་པོ་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཆེན་གྱིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཨུ་ལྷན་གྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་འཛམ་གླིང་ཡོངས་ཀྱི་དྲ་སྦྲེལ་སྤྱོད་མཁན་གྱིས་གོ་ལ་ཧྲིལ་པོའི་མི་འབོར་གྱི་བསྡུར་ཚད་ཕྱེད་ཀ་བཟུང་རུང་མི་དུང་ཕྱུར་39དང་གྲངས་འཛིན་འཇིག་རྟེན་འབྲེལ་བ་ཡེ་ནས་མེད་པ་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི“གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ”སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་འཁོད་ཡོད།
         འགོད་བརྗོད་དུ་《2017ལོའི་དྲ་ཆེན་གནས་ཚུལ་》ཞེས་འཁོད་པའི་སྙན་ཞུའི་ནང་སྔོན་དཔག་བྱས་དོན། 2017ལོའི་ལོ་མཇུག་བར་གོ་ལ་ཧྲིལ་པོའི་དྲ་སྦྲེལ་སྤྱོད་མཁན་གྱི་བསྡོམས་འབོར་དུང་ཕྱུར་35.8ཟིན་པ་དེས་གོ་ལ་ཧྲིལ་པོའི་མི་འབོར་བསྡོམས་འབོར་གྱི་48%བཟུང་གི་ཡོད། འཛམ་གླིང་ཡོངས་ཀྱི་མི་འབོར་ཕྱེད་ཀ་ཙམ་གྱིས་དྲ་སྦྲེལ་སྤྱོད་པའི་རྒྱབ་ལྗོངས་འོག་ཇི་ལྟར་བྱས་ནས་དྲ་སྦྲེལ་ལོངས་སྤྱོད་མི་ཐུབ་མཁན་གྱིས་དྲ་སྦྲེལ་ལས་བྱུང་བའི་སྟབས་བདེ་ལོངས་སྤྱོད་ཐུབ་པ་བྱེད་དགོས་བསམ་ཞེས་པ་དོ་ཁུར་བྱ་ཡུལ་གཙོ་བོར་འགྱུར་བ་བྱེད་དགོས།
         སྙན་ཞུའི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲ་སྦྲེལ་ཁྱབ་ཚད་ཉིན་རེ་བཞིན་ཧེ་བག་ཆེ་རུ་འགྲོ་བ་ནན་བཤད་བྱས་ཡོད། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་སྔོན་དཔག་བྱས་པ་ལྟར་ན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲ་སྦྲེལ་ཁྱབ་ཚད་2016ལོའི་ལོ་མཇུག་གི་39%ནས་2017ལོའི་ལོ་མཇུག་གི་41.3%བར་འཕར་ཡོད་མོད། འོན་ཀྱང་དར་རྒྱས་འགྲོ་ཆེ་བའི་རྒྱལ་ཁབ་ཀྱི་དྲ་སྦྲེལ་ཁྱབ་ཚད་81%ཙམ་ཟིན་གྱི་ཡོད། གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ནི་48%ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།