འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཚངས་ཐིག་ལ་སྨི་6.5ཟིན་པའི་འཛམ་གླིང་ཐོག་གི"དཀྱིལ་འཁོར"ཆེ་ཤོས་ཏུན་ཧོང་དུ་
    ངོམ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཚངས་ཐིག་ལ་སྨི་6.5ཟིན་པའི་འཛམ་གླིང་ཐོག་གི'དཀྱིལ་འཁོར'ཆེ་ཤོས་ཏུན་ཧོང་དུ་
ངོམ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། འཛམ་གླིང་གི"བྱེ་མའི་དཀྱིལ"ཆེ་ཤོས་ཏུན་ཧོང་དུ་ངོམ་སྟོན་བྱས་པ་རེད། དེའི་ཚངས་ཐིག་ལ་སྨི་6.5ཟིན་པ་དང་བྱེ་མའི་དཀྱིལ་འཁོར་འདི་ནི་དགེ་འདུན་པ་16གིས་དུས་ཡུན་ལོ་ཕྱེད་ཀའི་རིང་ལ་བཟོས་ནས་ལེགས་འགྲུབ་བྱས་པ་དང་། འཛམ་གླིང་གི་ཟིན་ཐོའི་མཐུན་ཚོགས་ཀྱིས་ཟླ་9ཚེས་9ཉིན། ཀྲུང་གོའི་ཀན་སུའུ་ཏུན་ཧོང་གྲོང་
    ཁྱེར་གྱི་མཛེས་སྡུག་ལྡན་པའི་ཏུན་ཧོང་གི་དཀྱིལ་འཁོར་སྒྱུ་རྩལ་འགྲེམས་སྟོན་སྟེགས་བུ་ཐོག་ཏུ་བསྟན་པ་རེད། ཀྲུང་ཧྭ་རིག་གནས་སྐུལ་སྤེལ་ཚོགས་པ་ནང་བསྟན་རིག་གནས་སྒྱུ་རྩལ་ཨུ་ལྷན་གྱི་གཙོ་སྐྱོང་གནང་ཞིང་། ཁམས་ཆེན་པོའི་འགྲེལ་པ་(ཧྲན་ཀྲེན་)རིག་གནས་དངུལ་འཇོག་ཐོན་སྐྱེད་དོ་དམ་ཚད་ཡོད་ཀུང་སིས་རྩ་འཛུགས་གསར་གཏོད་བྱས་པའི་དཀྱིལ་འཁོར་གྱི་ཚངས་ཐིག་ལ་སྨི་
    6.5ཡོད་པ་དང་། འཛམ་གླིང་གི་ཟིན་ཐོའི་མཐུན་ཚོགས་ཀྱིས"འཛམ་གླིང་ཐོག་ཆེས་ཆེ་བའི་བྱེ་མའི་དཀྱིལ་འཁོར"འཛམ་གླིང་གི་ཟིན་ཐོར་བཀོད་པ་རེད། དཀྱིལ་འཁོར་འདིའི་ཡོངས་ཁུངས་ནི་རྒྱ་གར་གྱི་སྔགས་རྒྱུད་ནས་ཡིན་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་སྔགས་རྒྱུད་ཉམས་ལེན་བྱེད་དུས་སུ་མཆོད་ཡུལ་གཅིག་ཡིན་པ་རེད། 
    ༄༅།།ཚངས་ཐིག་ལ་སྨི་6.5ཟིན་པའི་འཛམ་གླིང་ཐོག་གི'དཀྱིལ་འཁོར'ཆེ་ཤོས་ཏུན་ཧོང་དུ་
ངོམ་སྟོན་བྱས་པ།
    ༄༅།།ཚངས་ཐིག་ལ་སྨི་6.5ཟིན་པའི་འཛམ་གླིང་ཐོག་གི'དཀྱིལ་འཁོར'ཆེ་ཤོས་ཏུན་ཧོང་དུ་
ངོམ་སྟོན་བྱས་པ།
    ༄༅།།ཚངས་ཐིག་ལ་སྨི་6.5ཟིན་པའི་འཛམ་གླིང་ཐོག་གི'དཀྱིལ་འཁོར'ཆེ་ཤོས་ཏུན་ཧོང་དུ་
ངོམ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།