འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནུས་རྒྱུ་བསྐྱར་སྐྱེས་རུང་བའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་
    དུང་ཕྱུར་6ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རྒྱལ་གྱི་ནུས་རྒྱུ་བསྐྱར་སྐྱེས་རུང་བའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་
དུང་ཕྱུར་6ཟིན་པ།
           མི་དམངས་དྲ་བའི་འཕྲིན། སྐབས་གཉིས་པའི་ཀྲུང་གོའི་གཏེར་ལེན་ཁ་འོད་ཤུགས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། རང་རྒྱལ་གྱི་ནུས་རྒྱུ་བསྐྱར་སྐྱེས་རུང་བའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་6ཟིན་ནས་རྒྱལ་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་35.1%བཟུང་ཡོད།
           འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཀྱི་སྐུལ་འདེད་འོག་རང་རྒྱལ་གྱི་ནུས་རྒྱུ་བསྐྱར་སྐྱེས་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རང་རྒྱལ་ལ་ནུས་རྒྱུ་མཁོ་སྤྲོད་བྱེད་ཐབས་གལ་ཆེན་དུ་འགྱུར་བཞིན་ཡོད། གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་ཆུ་གློག་དང་། རླུང་གློག འོད་ཤུགས་གློག་གཏོང་། སྐྱེ་དངོས་ཞིབ་བཟོའི་གློག་གཏོང་སོགས་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་3.38དང་། ཆན་ཝ་དུང་ཕྱུར་1.54 ཆན་ཝ་དུང་ཕྱུར་1.02 ཆན་ཝ་ཁྲི་1330བཅས་ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཤིང་། འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད་པའི་ཀྲེ་ཅང་ཉི་ནུས་ལག་རྩལ་ཚད་ཡོད་ཀུང་སིའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།