འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱི་ལས་གཏོད་སྦྱོང་བརྡར་སྒར་ས་ལྷ་སར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར”སྐབས་གསུམ་པའི་རིང་། བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་སློབ་གྲྭ་ཐོན་ནས་ལོ་གསུམ་སོང་བའི་ན་གཞོན་སློབ་མར་ཕྱོགས་པ་དང་སྐྱེས་ཁུངས་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་རྒྱལ་ཡོངས་ཀྱི་མཐོ་སློབ་ཐོན་ནས་ལོ་གསུམ་སོང་བའི་ན་གཞོན་སློབ་མར་ཁྱབ་པའི་དུས་ཐེངས་དང་པོའི་པེ་ཅིང་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱི་ལས་གཏོད་སྦྱོང་བརྡར་སྒར་ས་ལྷ་སར་བཙུགས་ཤིང་། ཕུལ་བྱུང་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་ལ་རོགས་སྐྱོར་བྱེད་པའི“ཀུན་ཕན”བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་དང་རྒྱལ་ནང་གི་མཐོ་རིམ་སློབ་གླིང་དང་སློབ་གྲྭའི“སློབ་གྲྭ་ཆེ་མོ་བའི་གཉིས་གཏོད་འཕེལ་རྒྱས”ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། གསར་གཏོད་ལོང་སྦྲེལ་ལ་ཐོན་ཁུངས་ལོང་སྦྲེལ་བཀོད་སྒྲིག་བྱེད་པར་དམིགས་ཏེ་རིག་སྟོབས་བོད་སྐྱོར་དང་ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་གཉིས་གཏོད་འཕེལ་རྒྱས་འཐབ་ཇུས་རིམ་གྱིས་ལག་བསྟར་བྱས་ཏེ་ལྗོངས་ཡོངས་སུ“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར”ཁོར་ཡུག་བཟང་པོ་ཞིག་སྐྲུན་པར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
          ད་ཐེངས་ཀྱི་ལས་གཏོད་སྦྱོང་བརྡར་ལ་བོད་དུ་གསར་གཏོད་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་400ཡིས་རེ་ཞུ་ཕུལ་ཡོད་པ་ལས། སློབ་གྲྭ་ཆེ་མོ་བ་63དེར་ཚུད་པ་རེད། དུས་ཐེངས་དང་པོའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་མངོན་འགྱུར་བས་86.7%བཟུང་བ་ལས། སློབ་མ་70%ནི་བོད་རིགས་སློབ་གྲྭ་ཆེ་མོ་བའི་མངོན་འགྱུར་བ་རེད།
         དུས་ཡུན་ཉིན་བཞི་ཡི་གཉིས་གཏོད་དངོས་སྦྱོང་སློབ་ཁྲིད་བྱེད་རིང་པེ་ཅིང་སློབ་ཆེན་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དང་། སློབ་མའི་ལས་གཏོད་སློབ་སྟོན་དགེ་རྒན་གྱི་ཐོན་ཁུངས། བོད་ཀྱི་ཕུལ་བྱུང་ལས་གཏོད་མཁས་ཅན་གྱི་ཟུར་ཁྲིད་པ། ལས་གཏོད་ལ་གྲུབ་འབྲས་ཐོབ་པའི་འཐུས་མི་སོགས་སློབ་གྲྭ་ཆེ་མོ་བའི་དམིགས་སའི་རང་བཞིན་གྱི་ཐོན་ཁུངས་ཡོད་པ་རེད། སྦྱོང་བརྡར་སྒར་ས་དེས་བསམ་ཕྱོགས་གསར་གཏོད་དང་ཁེ་ལས་ལས་གཏོད་ཀྱི་ཐོག་མའི་གཉེར་སྐྱོང་དོ་དམ་སོགས་ཕྱོགས་མང་པོར་དམིགས་ཏེ“བོད་ཀྱི་རིག་གནས་ཐོན་ལས”དང་། “མ་རྐང་སྒྲོམ་གཞིའི་ཇུས་འགོད” “ལས་གཏོད་འཆར་གཞིའི་ཡི་གེ” “སྒུལ་བདེའི་དྲ་སྦྲེལ་དུས་རབས་ཀྱི་གཉེར་ཚོང་གསར་པ” “ལས་གཏོད་CEOརིགས་དང་སྦྱོང་བརྡར”སོགས་ཟུར་ཁྲིད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།