འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ནུབ་བྱང་ཁུལ་དུ་དོ་དམ་ནན་པོ་བྱེད་པའི་གཅིག་གྱུར་བྱ་སྤྱོད་སྤེལ་ཏེ་དམིགས་བསལ་
    འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་བཀག་འགོག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་བ་དགུ་པར་ནུབ་བྱང་ཁུལ་གྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དུས་ཡུན་གཟའ་འཁོར་གཉིས་རིང་ས་ཁོངས་མཐུན་སྦྱོར་ངང་དོ་དམ་ནན་པོ་བྱེད་པའི་གཅིག་གྱུར་བྱ་སྤྱོད་སྤེལ་ནས་ས་གནས་ཁག་གིས་མཉམ་འགུལ་མཉམ་བཤེར་བྱས་ཏེ་གཙོ་གནད་ལམ་དུམ་བུར་དོ་དམ་ཚོད་འཛིན་དང་། གཙོ་གནད་འཁོར་རིགས་ལ་དོ་དམ། གཙོ་གནད་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དམིགས་བསལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱ་རྒྱུ་རེད།
          མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀྲུའུ་ཡུན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། མཚོ་སྔོན་གྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་དང་འགྲིམ་འགྲུལ་ཤར་བགྲོད་ཐུབ་པའི་ལས་འགན་ཧ་ཅང་ལྕི་བས་མྱུར་བགྲོད་གཞུང་ལམ་དང་གྲོང་གསེབ་གཞུང་ལམ་གྱི་ལས་འཛོལ་སྔོན་འགོག་བྱ་རྒྱུ་ནི་སྔར་བཞིན་ལས་ཀའི་དཀའ་གནད་ཅིག་ཡིན་པ་མ་ཟད། དོས་འཁོར་ཆེ་གྲས་སོགས་གཙོ་གནད་འཁོར་རིགས་ལ་ཞིབ་བཤེར་བྱེད་ཚད་དང་བེད་མེད་ཟུར་འཇོག་བྱེད་ཚད་ཉུང་བས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་གནས་ཚུལ་རྙོག་འཛིང་ཆེ་བ་དང་ཛ་དྲག་པོ་ཡོད། དེར་བརྟེན་མཚོ་སྔོན་གྱིས་ལག་བསྟར་བསམ་འཆར་ཞིབ་ཕྲ་བཟོས་ཏེ་ནུབ་བྱང་ཁུལ་དུ་དོ་དམ་ནན་པོ་བྱེད་པའི་གཅིག་གྱུར་བྱ་སྤྱོད་དོན་འཁྱོལ་ཧུར་ཐག་བྱས་ནས་ཟླ་9པར་དམིགས་བསལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ས་ཁོངས་མཐུན་སྦྱོར་ངང་དོ་དམ་ནན་པོ་བྱེད་པའི་གཅིག་གྱུར་བྱ་སྤྱོད་ཐེངས་ལྔ་སྒྲིག་འཛུགས་བྱས་ནས་གཙོ་གནད་འཁོར་རིགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བའི་བྱ་སྤྱོད་དང་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་སྤྱོད་ཐེངས་གཅིག་སྤེལ་ཡོད། གཙོ་གནད་བཅོས་སྒྲིག་གི་ལམ་དུམ་བུ་ནི་ཅིང་བོད་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་109སོགས་འགྲོ་འོང་མང་བ་དང་འགྲིམ་འགྲུལ་གནས་ཡུལ་གལ་ཆེན་ཡིན་པའི་ལམ་དུམ་བུ་དང་། ཡུན་རིང་ཐུར་དུ་བབས་པའི་ལམ་དུམ་བུ། སྒྲིག་ལམ་ཟང་ཟིང་ཡིན་པའི་རྫོང་དང་ཤང་གི་ལམ་དུམ་བུ་བཅས་ཡིན་པ་དང་། གཙོ་གནད་འཁོར་རིགས་ནི་གཞུང་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་དང་། ཡུལ་སྐོར་བའི་རླངས་འཁོར། ཉེན་ཡོད་རྫས་འགྱུར་དངོས་པོ་སྐྱེལ་འདྲེན་རླངས་འཁོར། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་སོགས་ཡིན་པ། གཙོ་གནད་ཁྲིམས་འགལ་བྱེད་སྤྱོད་ནི་མྱུར་ཚད་ལས་བརྒལ་ནས་གཏོང་བ་དང་། ངལ་དུབ་ཀྱིས་མནར་ནས་གཏོང་བ། འཁོར་བྱང་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད། འགྲུལ་སྐྱེལ་རླངས་འཁོར་ལ་འགྲུལ་པ་ཚད་ལས་བརྒལ་བ་བླུགས་པ། མྱུར་ཚད་ཞན་པའི་རླངས་འཁོར་དང་འཁོར་གསུམ་རྐང་འཁོར་ལ་ཁྲིམས་འགལ་ངང་མི་བླུགས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།