འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་མཐོ་སློབ་དང་དེ་བཞིན་
    འཛུགས་སྐྱོང་རིག་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། སློབ་གསོ་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་《འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་མཐོ་སློབ་དང་དེ་བཞིན་འཛུགས་སྐྱོང་རིག་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ་འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་(གཤམ་དུ“རྩེ་གྲ་གཉིས”ཞེས་བསྡུ་རྒྱུ)འཛུགས་སྐྱོང་གི་མཐོ་སློབ་དང་དེ་བཞིན་འཛུགས་སྐྱོང་རིག་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་མཐོ་སློབ་137“རྩེ་གྲ་གཉིས”ཀྱི་འཛུགས་སྐྱོང་ནང་ཚུད་པའི་ཁྲོད་སློབ་ཆེན་རྩེ་གྲའི་འཛུགས་སྐྱོང་མཐོ་སློབ་ནང་ཁྱོན་སློབ་གྲྭ་42ཚུད་ཡོད་པ་རེད།
          མིང་ཐོའི་ནང་མངོན་གསལ། སློབ་ཆེན་རྩེ་གྲའི་འཛུགས་སྐྱོང་གི་མཐོ་སློབ་ནང་ཁྱོན་སློབ་གྲྭ་42ཡོད་པའི་ཁྲོད་པེ་ཅིང་སློབ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན། ཆིང་ཧྭ་སློབ་ཆེན་སོགས་Aརིགས་ཀྱི་མཐོ་སློབ་36དང་བྱང་ཤར་སློབ་ཆེན་དང་། ཀྲེང་ཀྲོའུ་སློབ་ཆེན། ཧུའུ་ནན་སློབ་ཆེན་སོགས་Bརིགས་ཀྱི་མཐོ་སློབ་6ཚུད་ཡོད། རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་མཐོ་སློབ་ནང་ཁྱོན་སློབ་གྲྭ་95ཡོད་པ་དང་། དེའི་ནང་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དང་། པེ་ཅིང་བཟོ་ལས་སློབ་ཆེན། པེ་ཅིང་ཚན་རྩལ་སློབ་ཆེན་སོགས་ཚུད་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། “རྩེ་གྲ་གཉིས”ཀྱི་འཛུགས་སྐྱོང་མཐོ་སློབ་ནི་འགྲན་རྩོད་སྔོན་འདེམས་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་འདེམས། སྲིད་གཞུང་གི་བསྡུར་འདེམས། འགུལ་རྣམ་ལེགས་འདེམས་བཅས་བྱས་ནས་ཐོན་པ་ཞིག་ཡིན། ད་ཐེངས་འདེམས་སྒྲུག་གཏན་འཁེལ་བྱས་པའི“འཛུགས་སྐྱོང”མཐོ་སློབ་དང་དེ་བཞིན“འཛུགས་སྐྱོང”རིག་ཚན་གཙོ་བོ“འཛུགས་སྐྱོང”ལ་ཐུག་ཡོད་ལ་འཛམ་གླིང་གི་རྩེ་གྲ་གཏོད་པའི་འགོ་འཛུགས་ས་ཡིན་སྟབས་འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲར་དངོས་སུ་འགྱུར་ཐུབ་མིན་དེ་མཐར་འཛུགས་སྐྱོང་གི་ཕན་འབྲས་ལ་ཐུག་ཡོད།
           ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཞིག་ཡིན་པའི“རྩེ་གྲ་གཉིས”ཀྱིས་འཛུགས་སྐྱོང་གི་བརྟན་ཐོག་ཡར་བརྩོན་དང་། རྒྱུན་འཛིན་གསར་གཏོད། སྒྱུར་བཅོས་འཕེལ་རྒྱས་བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པ་སྟེ། འཛུགས་སྐྱོང་རྨང་གཞི་ནས་འགོ་བཙུགས་ཏེ་བརྟན་པོའི་ཁྲོད་འགོ་འཛུགས་པ་དང་། བརྟན་པོའི་ཁྲོད་བར་བརྒལ། བརྟན་པོའི་ཁྲོད་སྐུལ་འདེད་བཅས་ཀྱི་ཐོག་ནས་སྤྱི་ཡོངས་སྐུལ་སློང་དང་མགོ་མཇུག་སློག་ནས་ཡང་བསྐྱར་མ་བྱས་པ་དང་། “211འདུ་འགོད”དང“985འདུ་འགོད”སོགས་མཐོ་སློབ་སློབ་གསོའི་གཙོ་གནད་འཛུགས་སྐྱོང་གི་རྨང་གཞིར་བསམ་གཞིག་གང་ལེགས་བྱས་པ་མ་ཟད། འཛུགས་སྐྱོང་གི་དོ་དམ་བྱེད་སྟངས་གསར་གཏོད་དང་མཐོ་སློབ་ཀྱི་སློབ་གསོའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད། དེ་དང་ཆབས་ཅིག འགྲན་རྩོད་སྒོ་དབྱེ་དང་འགུལ་རྣམ་ལེགས་སྒྲིག་མཐའ་འཁྱོངས་ཀྱིས་སྐྱེ་ཁུངས་ལ་མཐོང་ཆུང་བྱེད་པའི་སྣང་ཚུལ་མེད་པ་བཟོས་པ་དང་ལས་རྗེས་ལྕག་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་སློབ་ཀྱི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
           འདེམས་སྒྲུག་གཏན་འཁེལ་བྱས་པའི“རྩེ་གྲ་གཉིས”ཀྱི་འཛུགས་སྐྱོང་མཐོ་སློབ་ནང་གཙོ་གནད་བཞི་མངོན་གསལ་དོད་པ་སྟེ། གཅིག་ནི་ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་རྩེ་གྲ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་སློབ་ཆེན་གཉེར་བ་དང་འཛམ་གླིང་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་གི་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། གཉིས་ནི་ཆུ་ཚད་མཐོ་བའི་འཛུགས་སྐྱོང་ལ་སྐུལ་ལྕག་དང་རྒྱབ་སྐྱོར་གྱིས་ལེགས་སྐྱོར་སྟོབས་སྐྱོར་དང་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུར་སྣང་ཆེན་བྱས་པ། གསུམ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་བཀོད་ཇུས་ལ་ཞབས་འདེགས་ཞུས་ནས་ས་ཁོངས་དང་ལས་རིགས་འཕེལ་རྒྱས་ཐད་ཀྱི“རྩེ་གྲ་གཉིས”ཀྱི་འདེགས་སྐྱོར་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། བཞི་ནི་དམིགས་བསལ་དགོས་མཁོར་རོགས་སྐྱོར་བྱས་ནས་ཡུན་རིང་འཛུགས་སྐྱོང་དང་། མངོན་གསལ་དོད་པའི་ཁྱད་ཆོས་ལྡན་པ། ཚབ་བྱེད་ཐབས་བྲལ་བ་བཅས་ཀྱི་རིག་ཚན་ནམ་ཡང་ན་ཁྱབ་ཁོངས་དང་རྒྱལ་ཁབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཆེ་རུང་ཕྱོགས་གསུམ་པའི་གདེང་འཇོག་ཁྲོད་མངོན་པར་དཀའ་བའི་མཐོ་སློབ་ལ་རོགས་སྐྱོར་བྱས་པ་བཅས་རེད།
           “རྩེ་གྲ་གཉིས”འཛུགས་སྐྱོང་བྱེད་རིང་། ལག་ལེན་བསྟར་བ་ནི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་དོ་དམ་ཡིན་པ་ལས་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་གཏན་ནས་མིན། འཛུགས་སྐྱོང་བྱེད་རིང་། འཛུགས་སྐྱོང་མཐོ་སློབ་ཀྱི་འཛུགས་སྐྱོང་ཇུས་གཞི་དང་རང་ངོས་གདེང་འཇོག་གི་སྙན་ཞུ་གཞིར་བཟུང་ཤུགས་རྐྱེན་ལྡན་པའི་ཕྱོགས་གསུམ་པའི་གདེང་འཇོག་དཔྱད་གཞིར་འཛིན་ནས་འཛུགས་སྐྱོང་ཕན་འབྲས་ལ་གདེང་འཇོག་བྱ་རྒྱུ་རེད། གདེང་འཇོག་གྲུབ་འབྲས་སོགས་ཀྱི་གནས་ཚུལ་གཞིར་བཟུང་། རེས་འཁོར་རྗེས་མའི་འཛུགས་སྐྱོང་ཁྱབ་ཁོངས་སླར་ཡང་གཏན་འཁེལ་བྱས་ཏེ་སྟབས་བསྟུན་དང་། སྐྱེ་ཁུངས་ལ་མཐོང་ཆུང་བྱེད་པའི་སྣང་ཚུལ་མེད་པ་བཟོ་བ། ཚེ་གང་ལམ་ལུགས་མི་གཉེར་བཅས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།