འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གཏན་འཇགས་རྒྱུ་ནོར་ཐོ་འགོད་ཕྱོགས་ཡོངས་ནས"སྐར་ཁུང་གཅིག་ནང་བདག་སྤྲོད"བྱེད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མཉམ་དུ་《ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྦྲེལ་མཐུད་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ་》བཀྲམ་ནས་ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྒྲིག་གཞི་ལོགས་འཛུགས་ས་ཁུལ་གྱིས“སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པ་དང་སྡེ་ཚན་གྱིས་མཉམ་སྒྲུབ་བདག་གཉེར་ཐུབ་པ”བྱས་ནས་ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས། ས་ཁུལ་ཁག་གིས་ལོ་མཇུག་གོང་ཁང་པ་ཐོ་འགོད་ཀྱི་དཔྱད་གཞིའི་ཡིག་ཆ་རྩིས་སྤྲོད་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བརྡ་ཐོའི་》ནང་གཏན་འཇགས་རྒྱུ་ནོར་གྱི་གཅིག་གྱུར་ཐོ་འགོད་ལམ་ལུགས་ལག་བསྟར་མ་བྱས་གོང་བཟོས་ཟིན་པའི་ཁང་པ་ཐོ་འགོད་ཀྱི་ཤོག་ཐོག་དཔྱད་གཞིའི་ཡིག་ཆ་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་སུ་རྩིས་སྤྲོད་དགོས་པ་དང་། ལོགས་སུ་དབྱེ་ནས་རྩིས་སྤྲོད་དངོས་གནས་བྱེད་ཁག་པོ་ཡོད་ཚེ་པར་སློག་བྱས་ཏེ་རྩིས་སྤྲོད་བྱེད་དགོས། པར་སློག་བྱས་ནས་རྩིས་སྤྲོད་བྱས་པ་དེ་མ་ཡིག་དང་གཅིག་པ་ཡིན་དགོས་པ་མ་ཟད། ལོ་མཇུག་གོང་ཚང་མ་པར་སློག་བྱས་ནས་རྩིས་སྤྲོད་ཟིན་པ་བྱེད་དགོས། འཛུགས་སྐྲུན་བསྐྱར་མ་མི་ཡོང་བའི་ཆེད། ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྐབས་སྤྱོད་པའི་གློག་རྡུལ་གྲངས་གཞི་གཅིག་མཐུན་རང་བཞིན་ཡོང་བའི་འགན་ལེན་བྱས་ཏེ་ཁང་པ་ཐོ་འགོད་ཀྱི་གློག་རྡུལ་གྲངས་གཞི་ཆ་ཚང་གཏན་ཆགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་སུ་མཁོ་ཕབ་བྱེད་དགོས་པ་དང་འབྲེལ། ཟླ་9པའི་ཟླ་མཇུག་གོང་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བརྡ་ཐོའི་》ནང་ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ལོགས་སུ་འཛུགས་པའི་ས་ཁུལ་གྱིས“སྒོ་གཅིག་ནང་འཛུལ་བ་དང་ཐེངས་གཅིག་ལས་སྐྱོད་མི་དགོས་པའི”རྩ་དོན་གཞིར་བཟུང་། ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ནས་དམངས་བདེ་དམངས་ཕན་ཏན་ཏིག་ཡོང་བ་བྱེད་དགོས། སྐར་ཁུང་གཅིག་ནང་བདག་སྤྲོད་བྱེད་དགོས་པ་སྟེ། སྡེ་ཚན་གཉིས་ཞབས་ཞུའི་ཚོམས་ཆེན་གཅིག་ནང་བཅའ་སྡོད་བྱས་ཏེ་བདག་སྤྲོད་སྐར་ཁུང་གཅིག་བཙུགས་ནས་ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་སྐབས་མཁོ་བའི་ཁྲིམས་བཀོད་དཔྱད་གཞིའི་ཡིག་ཆ་གཅིག་གྱུར་གྱི་རེ་ཞུའི་དཔྱད་གཞིའི་ཡིག་ཆའི་དཀར་ཆག་བཟོས་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་དང་། སྡེ་ཚན་གྱིས་མཉམ་སྒྲུབ་བདག་གཉེར་བྱེད་དགོས་པ་སྟེ། དཔྱད་གཞིའི་ཡིག་ཆ་འབྱོར་རྗེས་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སྡེ་ཚན་གཉིས་ལ་རེ་རེ་བསྐྱལ་ནས་ལས་སྒོ་བདག་གཉེར་མཉམ་སྒྲུབ་བྱེད་པ་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད་སྒྲིག་གཞིས་གཏན་འཇགས་རྒྱུ་ནོར་གྱི་ལས་སྒོ་ཁྲིམས་བཞིན་གཉེར་དགོས། ཉོ་ཚོང་དགོས་མཁོའི་ལས་སྒོ་གཉེར་རྒྱུ་དང་འབྲེལ་བ་ཡོད་རིགས་ཀྱི་སྤྱིར་བཏང་ཉོ་ཚོང་ལས་སྒོ་ལས་ཀའི་ཉིན་གྲངས་3ནང་གཉེར་ཚར་བ་བྱེད་དགོས་པ་དང་རྙོག་དྲ་ཅུང་ཆེ་རིགས་ལས་ཀའི་ཉིན་གྲངས་5ཡི་ནང་གཉེར་ཚར་བ་བྱེད་དགོས། ཉོ་ཚོང་བྱས་འབྲས་དེ་ནང་ཁུལ་གྱི་དྲ་རྒྱ་བརྒྱུད། གཏན་ཆགས་རྒྱུ་ནོར་ཐོ་འགོད་སྒྲིག་གཞིར་ཚུར་ལན་བྱེད་དགོས་པ་དང་མང་ཚོགས་ཀྱིས་དོན་དག་གཉེར་རྒྱུར་སྟབས་བདེ་ཡོང་བ་བྱེད་དགོས། ཁང་པ་ཉོ་ཚོང་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་དོན་དྲ་ཐོག་ནས་གཉེར་ཐུབ་པ་ཚང་མ་དོ་བདག་ས་ཆ་དངོས་སུ་ཡོང་ནས་ལས་སྒོ་གཉེར་རྒྱུའི་རེ་བ་འདོན་མི་ཆོག་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།