འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འདི་ལོའི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་
    ཀྱི་ཚོད་ལྟའི་ཚན་པ་གཏན་འཁེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 《གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་གནས་གཅིག་ནས་ཁྱོན་ཡོངས་སུ་ཁྱབ་པར་བྱ་ཆེད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་དེ་བཞིན་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་གྱིས་འོས་སྦྱོར་བྱས་པ་བརྒྱུད་ཞིང་ལས་པུའུ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་གིས་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་སོགས་རྫོང་(གྲོང་ཁྱེར་དང་ཆུས)བརྒྱ་2017ལོའི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས་པ་རེད།
         2015ལོར་གཏན་འཁེལ་བྱས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་མ་རྐང་དབང་ཆ་དང་འགན་ནུས་སྒྱུར་བཅོས་ཀྱི་ཚོད་ལྟའི་རྫོང་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆུ་ཤུར་རྫོང་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧྲ་དབོན་རྫོང་གིས་སྔར་ཡོད་ཚོད་ལྟའི་ལས་འགན་ལེགས་པར་སྒྲུབ་པའི་རྨང་གཞིའི་ཐོག་རེས་སྐོར་གསར་པའི་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁུར་ཡོད། ཚོད་ལྟའི་ཚན་པ་ཚང་མས་ཚོད་ལྟ་བྱེད་པའི་དུས་ཚོད་ནི་2018ལོའི་ལོ་མཇུག་བར་རེད།
          ཞིང་ལས་པུའུ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་གིས་ཚོད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས)ཁག་ལ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་ཕྱོགས་ཡོངས་ནས་གཙང་བཤེར་རྩིས་བཤེར་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་གྲོང་གསེབ་ཀྱི་མཉམ་སྡེབ་ཁོངས་མིའི་ཐོབ་ཐང་ངོས་འཛིན་ངེས་གཏན་བྱ་རྒྱུ་དང་། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ། ཞིང་པའི་མཉམ་སྡེབ་རྒྱུ་ནོར་མ་རྐང་དབང་ཆ་དང་འགན་ནུས་སྤྲོད་རྒྱུ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ། མཉམ་སྡེབ་དཔལ་འབྱོར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་སོགས་ཕྱོགས་ལྔ་གཙོ་གནད་དུ་བཟུང་ནས་འཚོལ་ཞིབ་ཧུར་ཐག་བྱེད་པ། ཚོད་ལྟའི་ས་ཁོངས་ཀྱི་སྒྱུར་བཅོས་བྱེད་ལམ་གཏན་འཁེལ་ཁ་གསལ་བྱེད་པ། སྐུལ་འདེད་ཀྱི་གོ་རིམ་དང་དུས་ཚོད་ཀྱི་མཚམས་ཚིགས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་ཚོད་ལྟའི་ལས་འགན་ཁག་དུས་བཀག་བཞིན་སྤུས་ཚད་ལྡན་ལ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།