འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱལ་སྟོན”གྱི་རྫོགས་ལྡན་གཟའ་འཁོར་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་
    བྱས་ན་མི་ཐེངས་དུང་ཕྱུར་5.6ཟིན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོའི“རྒྱལ་སྟོན”གྱི་རྫོགས་ལྡན་གཟའ་འཁོར་རིང་། རྒྱལ་ཡོངས་ཀྱི་གཞུང་ལམ་དྲ་བར་འགྲུལ་བཞུད་བྱེད་མཁན་སྔར་བཞིན་བརྟན་པོའི་ངང་མཐོ་པོ་ཟིན་ནས་འཕར་ཚད་10%ཡན་ཟིན་རྒྱུ་དང་། གཞུང་ལམ་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་5.6ཟིན་ནས་ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་7020ཟིན་རྒྱུ། ཆུ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1590ཟིན་ནས་ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་200ཙམ་ཟིན་རྒྱུ་ཡིན་པ་རེད།
          “རྒྱལ་སྟོན”གྱི་རྫོགས་ལྡན་གཟའ་འཁོར་རིང་། རྒྱལ་ཡོངས་ཀྱི་ལམ་ཁྲལ་ལེན་པའི་གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་མུ་མཐུད་ལམ་ཁྲལ་བསྡུ་རྒྱུ་མིན་པ་རེད། ཟླ་10ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་24བར་རྐུབ་སྟེགས་7(རྐུབ་སྟེགས་7ཡོད་པ་ཚུད)མན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ལམ་ཁྲལ་བསྡུ་བའི་སྤྱིར་བཏང་གི་གཞུང་ལམ་དུ་བསྐྱོད་ཆོག་པའི་སྦག་སྦག་ཀྱང་ལམ་ཁྲལ་སྤྲོད་མི་དགོས་པར་བསྐྱོད་ཆོག་གི་ཡོད། དེའི་ནང་སྤྱིར་བཏང་གི་གཞུང་ལམ་དུ་འཁོར་རིགས་ལམ་ཁྲལ་ལེན་སའི་འཁོར་ལམ་དུ་འཛུལ་བའི་དུས་ཚོད་ལ་གཞིག་རྒྱུ་དང་། མྱུར་བགྲོད་གཞུང་ལམ་དུ་འཁོར་རིགས་ལམ་ཁྲལ་ལེན་སའི་ཐོན་སྒོའི་འཁོར་ལམ་ནས་དོན་པའི་དུས་ཚོད་ལ་གཞིག་རྒྱུ་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། “རྒྱལ་སྟོན”གྱི་རྫོགས་ལྡན་གཟའ་འཁོར་རིང་། སྔོན་དཔག་བྱས་ན་འགྲུལ་བཞུད་ཐད་ཁྱད་ཆོས་གསུམ་མངོན་རྒྱུ་སྟེ། གཅིག་ནི་ཕྱིར་བསྐྱོད་བྱེད་མང་ཤོས་སུ་སྔ་ཕྱི་གཉིས་མངོན་རྒྱུ་ཡིན་ཞིང་། ཟླ་10ཚེས་1དང་ཚེས་2ཉིན་ཐག་རིང་དུ་བསྐྱོད་མཁན་གཙོ་བོ་ཡིན་པ་དང་། གྲོང་ཁྱེར་ཆེ་གྲས་དང་འབྲིང་གྲས་ཁག་ཏུ་འགྲུལ་བཞུད་བྱེད་མཁན་ཅུང་མང་དུ་འགྲོ་བ། གྲོང་ཁྱེར་དབར་གྱི་མྱུར་བགྲོད་གཞུང་ལམ་གྱི་བགྲོད་ལམ་གཙོ་བོ་དང་། གྲགས་ཅན་གྲོང་ཁྱེར་དང་མཛེས་ལྗོངས་ཁུལ་སྦྲེལ་བའི་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དུ་རླངས་འཁོར་འགྲོ་འོང་བྱེད་མཁན་མང་བ། ཚེས་7དང་ཚེས་8ཉིན་ཕྱིར་ལོག་བྱེད་མཁན་མང་ཤོས་དུས་སུ་སླེབས་ནས་གྲོང་ཁྱེར་ཆེ་གྲས་མཐའ་འཁོར་གྱི་གཞུང་ལམ་དང་གྲོང་ཁྱེར་དུ་འཛུལ་བ་དང་གྲོང་ཁྱེར་ནས་དོན་པའི་བགྲོད་ལམ་གྱི་གནོན་ཤུགས་ཅུང་ཆེན་པོ་ཡོད་པ་དེ་རེད། གཉིས་ནི་ཡུལ་སྐོར་གཉེན་འཕྲད་དང་སྒེར་འཁོར་བཏང་ནས་ཕྱིར་བསྐྱོད་མཁན་མང་དུ་འགྲོ་བ་དང་། གྲགས་ཅན་མཛེས་ལྗོངས་ཁུལ་དུ་འགྲུལ་པ་ཅུང་མང་བ། མཐའ་འཁོར་གཞུང་ལམ་དུ་རླངས་འཁོར་འགགས་པའི་སྣང་ཚུལ་ཐོན་སླ་བ་བཅས་རེད། གསུམ་ནི་སྐམ་སའི་གླིང་ཕྲན་དང་། གླིང་ཕྲན་དབར། མཚོ་འགག་དབར་བཅས་སུ་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུ་ཆུ་ལམ་ནས་འགྲུལ་སྐྱེལ་བྱེད་མང་ཤོས་ཀྱི་ཁུལ་ཞིག་རེད། པོ་ཧའེ་མཚོ་ཁུག་དང་། ཀྲོའུ་ཧྲན་གླིང་ཚོམ། ཆུང་ཀྲོའུ་མཚོ་འགག ཀུའེ་ལིན་ལི་ཅང་མཛེས་ལྗོངས་ཁུལ་སོགས་ས་ཁུལ་གྱི་ཆུ་ལམ་དུ་ཡུལ་སྐོར་འགྲུལ་སྐྱེལ་དང་མི་ཟོག་དབོར་འདྲེན་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།