འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུ་ཉོའི་ལས་དོན་སྤེལ་གྲབས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་23ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་ཉིན་ཤས་གོང་ནང་སོག་ཧུའུ་ཧོ་ཧའོ་ཐེར་རྒྱལ་ཡོངས་སྟོན་འབྲུ་བསྡུ་ཉོའི་ལས་དོན་ཚོགས་འདུ་འཚོགས་ནས་ཕྱི་སྨིན་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཐོན་སྐྱེད་དང་བསྡུ་ཉོའི་གནས་ཚུལ་ལ་དབྱེ་ཞིབ་བྱས་རྗེས་སྟོན་འབྲུ་བསྡུ་ཉོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
         སྟོན་འབྲུ་བསྡུ་ཉོའི་ལས་དོན་ནི་ལོ་ཧྲིལ་པོའི་འབྲུ་རིགས་བསྡུ་ཉོའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན། འདི་ལོའི་སྟོན་འབྲུ་ཐོན་སྐྱེད་གནས་ཚུལ་སྤྱིར་ན་ཅུང་ཡག་པོ་ཡོད་པས། སྔོན་དཔག་བྱས་ན་བསྡུ་ཉོའི་བྱེད་ཚད་སྔར་བཞིན་ཅུང་མང་པོ་དང་བསྡུ་ཉོའི་ལས་འགན་སྔར་བཞིན་ཅུང་ལྕི་པོ་ཡོད་པ་རེད། ཕྱི་སྨིན་འབྲས་ཀྱི་བསྡུ་ཉོའི་རིན་གོང་དམའ་ཚད་ཀྱི་སྔོན་ཇུས་ལག་བསྟར་བྱེད་བཟོ་ཡོད་པས་ཐོན་སྐྱེད་ཁུལ་གཙོ་བོ་ཁག་གཅིག་གི་བཀར་ཁང་གི་གཤོང་ཚད་འདང་གི་མེད། མ་རྨོས་ལོ་ཏོག་དང་སྲན་ཆེན་ཁྲོམ་ར་ཅན་གྱི་བསྡུ་ཉོའི་གནས་ཚུལ་ཅུང་ཡག་པོ་ཡོད་ཀྱང་གཏན་འཁེལ་མི་ཐུབ་པའི་རྒྱུ་རྐྱེན་ཁ་ཤས་ཀྱང་ཡོད་པ་རེད།
          རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས། རིམ་ཁག་འབྲུ་རིགས་སྡེ་ཚན་ལ་གྲ་སྒྲིག་ལས་དོན་ཁག་སྔར་བས་ཏན་ཏིག་བསྒྲུབས་ཏེ་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་ཞིང་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་པ་དང་། སྔོན་ཇུས་ལྟར་ན། འབྲུ་རིགས་ཐོན་ཡུལ་དང་བཀར་ཁང་གི་གཤོང་ཚད་གཞིར་བཟུང་ནས་བསྡུ་ཉོ་ས་ཚིགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་ཞིང་པས་འབྲུ་རིགས་འཚོང་རྒྱུར་སྟབས་བདེ་སྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།