འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་ཀྲུང་གོ་དང་དབྱི་ཐ་ལིའི་གློག་བརྙན་མཉམ་དུ་པར་
    ལེན་ལ་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན་ཀྲུང་གོ་དང་དབྱི་ཐ་ལིའི་གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་འཐུས་མིས་ཝུའེ་ཉི་སིར་མཉམ་ལས་བྱས་ནས་གློག་བརྙན་པར་ལེན་བྱེད་པའི་གླེང་སྟེགས་གཉེར་བ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་གློག་བརྙན་དང་བརྙན་འཕྲིན་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལམ་སྔར་བས་ཡངས་སུ་འགྲོ་རྒྱུ་རེད་ཅེས་གསུངས།
         ད་རེས་ཀྱི་གླེང་སྟེགས་ནི་ཝུའེ་ཉི་སི་གློག་བརྙན་དུས་ཆེན་སྐབས་74པའི་གཞུང་ཕྱོགས་བྱེད་སྒོའི“ཀྲུང་གོར་དོ་ཁུར”ཞེས་པའི་ཆ་ཤས་ཤིག་ཡིན་ཞིང་། ཤིན་ཧྭ་དྲ་བ་དང་དབྱི་ཐ་ལིའི་རྒྱལ་ཁབ་གློག་བརྙན་དང་སྒྲ་བརྙན་བརྒྱུད་ལམ་སྣེ་མང་སྨྱན་སྦྱོར་བཟོ་ལས་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་བ་དང་། དེའི་དམིགས་ཡུལ་ནི་གློག་བརྙན་དང་བརྙན་འཕྲིན་གྱི་མཉམ་ལས་ལས་སྟེགས་སུ་བྱས་ཏེ་ཁྱབ་ཁོངས་དེའི་ཐད་ཀྱི་ཕྱོགས་གཉིས་པོའི་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་ཆེད་ཡིན་པ་རེད།
         ཝུའེ་ཉི་སིའི་ཧྲི་ཀྲང་ལུའུ་དབྱི་ཅེ·པུའུ་ལུའུ་ཉི་ཡ་ལུའོ་ཡིས་གླེང་སྟེགས་ཐོག་ཤིས་ཚིག་སྒྲོན་སྐབས། མཱ་ཁེ·པོ་ལོའོ་ཀྲུང་གོར་འཚམས་འདྲིར་བསྐྱོད་པ་ནས་བཟུང་དབྱི་ཐ་ལི་དང་ཀྲུང་གོའི་མཛའ་གྲོགས་ད་བར་རྒྱུན་མཐུད་བྱུང་ཡོད། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་གཙོ་གནད་གྲོང་ཁྱེར་ཡིན་པའི་ཝུའེ་ཉི་སིས་ཀྲུང་གོའི་ཁེ་ལས་མ་འཇོག་ལས་གཏོད་དང་གློག་བརྙན་མཉམ་དུ་པར་ལེན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
         ཝུའེ་ཉི་སིའི་གློག་བརྙན་དུས་ཆེན་ཁོངས་སུ་གཏོགས་པའི་ཝུའེ་ཉི་སིའི་ལོ་གཉིས་རེའི་འགྲེམས་སྟོན་གྱི་ཀྲུའུ་ཞི་པའོ་ལུའོ·པ་ལ་ཐ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་གཙོ་བོ་ཡིན། ཡིན་ནའང་མི་རེས་ཆ་སྙོམས་གློག་བརྙན་ལྟ་བའི་ཐེངས་གྲངས་ལ་གཞིགས་ན་ཀྲུང་གོའི་གློག་བརྙན་ཁྲོམ་རར་སྔར་བཞིན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། དེས་དབྱི་ཐ་ལི་ཚུད་པའི་འཛམ་གླིང་གི་གློག་བརྙན་ལས་དོན་པ་ཚོར་གོ་སྐབས་ཆེན་པོ་ཞིག་བྱིན་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།