འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཡང་རྩེའི་གཙང་པོ་དང་མཚེའུ་ཡི་ཆུ་འགོའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་མཚེའུ་
    དང་གཙང་པོའི་དཔྱད་གཞི་མང་པོའི་སྟོང་ཆ་བསྐང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཛམ་གླིང་ཡང་རྩེའི་གཙང་པོ་དང་མཚེའུ་ཡི་ཆུ་འགོའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་མཚེའུ་
དང་གཙང་པོའི་དཔྱད་གཞི་མང་པོའི་སྟོང་ཆ་བསྐང་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་གཙང་པོ་དང་མཚེའུའི་ཆུ་འགོའི་རྟོག་ཞིབ་ལས་དོན་ད་ལྟ་བོད་ཀྱི་མངའ་རིས་ས་ཁུལ་དུ་སྤེལ་བཞིན་ཡོད་པ་རེད། དེའི་ནང་མཚེའུ་དང་གཙང་པོ་དང་ཁོར་ཡུག་འགྱུར་ལྡོག་གི་རྟོག་ཞིབ་ཞིབ་འཇུག་གིས་ས་ཁོངས་དེའི་མཚེའུ་དང་གཙང་པོའི་དཔྱད་གཞི་མང་པོའི་སྟོང་ཆ་བསྐང་རྒྱུ་ཡིན་པ་རེད།
         ད་ཐེངས་ཀྱི་མཚེའུ་དང་གཙང་པོ་དང་ཁོར་ཡུག་འགྱུར་ལྡོག་གི་རྟོག་ཞིབ་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་བོད་ཀྱི་གཞིས་རྩེ་དང་མངའ་རིས་ས་ཁུལ་གྱི་མཚེའུ་དང་གཙང་པོ་10ལྷག་ཙམ་ཡིན་པ་དང་རྟོག་ཞིབ་ཀྱི་ནང་དོན་ནི་མཚེའུ་ཡི་གཏིང་ཚད་དང་། ཆུ་འོག་གི་ས་དབྱིབས། ཆུ་མང་ཉུང་། དཔྱད་གྲངས་མང་པོའི་ཆུའི་སྤུས་ཚད་དང་མཚེའུའི་རིམ་དབྱེའི་ཁྱད་ཆོས་སོགས་ཡིན་པ་དང་། རྗེས་སུ་ད་དུང་མཚེའུའི་ཆུའི་སྣོད་བཅུད་མ་ལག་གནས་ཚུལ་དང་མ་འོངས་འགྱུར་ལྡོག་འགྲོ་སྲིད་པའི་འཕེལ་ཕྱོགས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
         མཚེའུ་དང་གཙང་པོ་དང་ཁོར་ཡུག་འགྱུར་ལྡོག་རྟོག་ཞིབ་རུ་ཁག་ད་ལྟ་གཞིས་རྩེ་ནས་མངའ་རིས་སུ་བསྐྱོད་ཟིན་པ་དང་། མངའ་རིས་ས་ཁུལ་གྱི་ས་གཤིས་གྲུབ་ཆ་དང་རང་བྱུང་ས་ཁམས་ཁོར་ཡུག་གི་རྒྱབ་ལྗོངས་དང་དེ་བཞིན་གནམ་གཤིས་དང་སྔོ་ཁེབས་བཅས་ཀྱི་ཁྱད་ཆོས་དམིགས་བསལ་རང་བཞིན་ཆེ་བའི་དབང་གིས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་རིགས་ཀྱིས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ས་ཁོངས་དང་འགྲིམ་འགྲུལ་ཆ་རྐྱེན་སོགས་ཀྱིས་རྐྱེན་པས་ས་ཁུལ་དེར་ཚན་རིག་རྟོག་ཞིབ་བྱེད་ཉུང་ཉུང་ཡིན། དུས་རབས་20ཡི་ལོ་རབས་70ནང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་དང་པོ་མངའ་རིས་སུ་སྤེལ་ནའང་སྔར་བཞིན་སྟོང་ཆ་ལུས་ཡོད། དེ་སྔའི་ཞིབ་འཇུག་གི་རྨང་གཞིའི་ཐོག་ད་ཐེངས་རྟོག་ཞིབ་རུ་ཁག་གིས་མངའ་རིས་ཀྱི་མཚེའུ་དང་གཙང་པོའི་ཐད་ཀྱི་དཔྱད་གཞིའི་སྟོང་ཆ་བསྐང་རྒྱུ་ཡིན་པ་རེད།
         མཚེའུ་དང་གཙང་པོ་དང་ཁོར་ཡུག་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་ལག་བསྟར་རུ་དཔོན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཝང་ཅུན་པོའོ་ཡིས་ལོ་40ལྷག་ཙམ་གྱི་གོང་དང་བསྡུར་ཚེ། ད་ལྟའི་ཚན་རིག་ལག་རྩལ་དང་རྒྱབ་ཕྱོགས་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། དེར་བརྟེན་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་ལས་འགན་གཙོ་བོའི་གྲས་ཤིག་ནི“སྟོང་ཆ་བསྐང་རྒྱུ”དེ་ཡིན། “དཔེར་ན་ད་ཐེངས་རྟོག་ཞིབ་བྱས་པའི་མཚོ་མོ་ངང་ལ་རིང་མཚོ་ནི་བྱང་ཐང་སྐམ་སའི་ས་ཁུལ་གྱི་མཚེའུ་གལ་ཆེན་གྲས་ཤིག་ཡིན་ནའང་དེ་གོང་འབྲེལ་ཡོད་ཀྱི་གྲངས་གཞི་ཧ་ལམ་མཐོང་རྒྱུ་མེད”ཅེས་ངོ་སྤྲོད་བྱས།
         ད་ཐེངས་རྟོག་ཞིབ་བྱས་ནས་ཐོབ་པའི་གྲངས་གཞིས་མངའ་རིས་སོགས་ས་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་དང་དེ་བཞིན“འཛམ་གླིང་ཡང་རྩེའི”རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་འཛུགས་སྐྲུན་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད། ཝང་ཅུན་པོའོ་ཡིས་གསར་འགོད་པར་རྟོག་ཞིབ་རུ་ཁག་གིས་མཚོན་བྱེད་རང་བཞིན་ལྡན་པའི་མཚེའུ་ཁ་ཤས་ནས་དིམ་བསགས་དངོས་པོའི་བྲག་སྡོང་འཚོལ་བསྡུ་བྱེད་བཞིན་ཡོད་པས་དེ་ནི་ལོ་བརྒྱ་འམ་ཡང་ན་ལོ་ཁྲིའི་གནའ་བོའི་ཁོར་ཡུག་འགྱུར་ལྡོག་གི་ཞིབ་འཇུག་ཆེད་དུ་ཡིན་པ་རེད། དེས་ཞིབ་འཇུག་ས་ཁོངས་ཀྱི་ལོ་བརྒྱ་ཚུན་གྱི་གནམ་གཤིས་འགྱུར་ལྡོག་གི་ཁྱད་ཆོས་དང་ཆོས་ཉིད་དང་དེ་བཞིན་ཚོད་འཛིན་རྒྱུ་རྐྱེན་ལ་ཞིབ་འཇུག་ཐུབ་ནས་མ་འོངས་པའི་གནམ་གཤིས་འགྱུར་ལྡོག་ལ་སྔོན་དཔག་བྱེད་ཐུབ་ལ“འཛམ་གླིང་ཡང་རྩེའི”རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་འཛུགས་སྐྲུན་དང་དེ་བཞིན་ཡུན་རིང་དོ་དམ་ཆེད་ཚན་རིག་གི་རྨང་གཞི་མཁོ་འདོན་ལ་ཕན་ཐོགས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།