འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཆབ་མདོ་རུ་རྟོག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཨ་བུ་ཡིས་པཎ་ཆེན་མཆོག་ལ་ཁ་བཏགས་འབུལ་བ།
    ཨ་བུ་ཡིས་པཎ་ཆེན་མཆོག་ལ་ཁ་བཏགས་འབུལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་ནས་ཟླ་9ཚེས་4ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་ཆབ་མདོ་རུ་རྟོག་ཞིབ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་རེད།
          ཆབ་མདོར་བཞུགས་རིང་། སྔ་གཞུག་ཏུ་པཎ་ཆེན་མཆོག་གིས་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ཀོང་ཏུང་གྲོང་གསར་སོགས་སུ་ཕེབས་ཏེ་དམིགས་བསལ་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་། གྲོང་ཚོ་གསར་པ་འཛུགས་སྐྲུན། གནད་སྨིན་དབུལ་སྐྱོར་ལས་དོན། ཐོན་ལས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཆ་རྒྱུས་གནང་བ་དང་། འབྲེལ་ཡོད་མི་སྣ་དང་སྤེལ་རེས་གནང་སྟེ་གནས་ཚུལ་མཚམས་སྦྱོར་བྱས་རིགས་གསན་པ་རེད། རྟོག་ཞིབ་གནང་སྐབས། པཎ་ཆེན་མཆོག་གིས་ད་དུང་དབུལ་ཕོངས་ཁྱིམ་ཚང་ལའང་ཕེབས་གནང་བ་རེད།
          པཎ་ཆེན་མཆོག་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ནི་མི་རིགས་ཁག་དང་ལས་རིགས་ཁག་གི་ཚེ་སྲོག་ཡིན་ལ། མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པའི་ཁྲོད། ད་གཟོད་མང་ཚོགས་ཀྱི་འཚོ་བ་བརྟན་ལྷིང་དང་བདེ་སྐྱིད་ལོངས་སྤྱོད་ཡོང་ཐུབ་ཚུལ་བསྟན་གནང་བ་རེད། ཁོང་གིས་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་བརྟན་པོ་འདིང་བ་དང་། རང་རང་སོ་སོའི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རེ་བཏོན་གནང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】
    པཎ་ཆེན་མཆོག་ལ་གྲོ་སོ་ཕྱེ་མ་ཕུལ་བ།
    པཎ་ཆེན་མཆོག་ལ་གྲོ་སོ་ཕྱེ་མ་ཕུལ་བ།
    པཎ་ཆེན་མཆོག་ཕེབས་པར་དགའ་བསུ་ཞུ་བ།
    པཎ་ཆེན་མཆོག་ཕེབས་པར་དགའ་བསུ་ཞུ་བ།
    པཎ་ཆེན་མཆོག་གིས་མང་ཚོགས་ལ་ལག་བརྡ་གཏོང་བ།
    པཎ་ཆེན་མཆོག་གིས་མང་ཚོགས་ལ་ལག་བརྡ་གཏོང་བ།
      

    ཕྱོགས་བསྡུས་གསར་འགྱུར།