འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་གྱི་ཤིས་ཨན་ནས་ཐེ་ལན་སུའུ་མའེ་གླིང་ཕྲན་དུ་ཐད་ཀར་འཕུར་
    བའི་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཤིས་ཨན་ཞན་དབྱང་གནམ་ཐང་གི་ཏང་དང་མང་ཚོགས་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ནང་གི་ས་མཐོའི་མཁའ་འགྲུལ་ཀུང་སི་ཐོག་མ་སྟེ། བོད་ལྗོངས་མཁའ་འགྲུལ་གྱིས་ཟླ་9ཚེས་6ཉིན་ཤིས་ཨན་ནས་ཐེ་ལན་སུའུ་མའེ་གླིང་ཕྲན་དུ་ཐད་ཀར་འཕུར་བའི་རྒྱལ་སྤྱིའི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེ་ནི་ཧྲའན་ཤིས་ཞིང་ཆེན་ནང་ཁུལ་ནས་ཐེ་ལན་སུའུ་མའེ་གླིང་ཕྲན་དུ་ཐད་ཀར་འཕུར་བའི་མཁའ་ལམ་ཐོག་མ་དེ་ཡིན་པ་རེད།
         སུའུ་མའེ་གླིང་ཕྲན་ནི་ཐེ་ལན་གྱི་གླིང་ཕྲན་ཆེ་གྲས་གསུམ་པ་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ཡུལ་སྐོར་བ་སྔར་བས་མང་བའི་ཡིད་དབང་བཀུག་རུང་དེ་སྔོན་ཧྲའན་ཤིས་སུ་སུའུ་མའེ་གླིང་ཕྲན་དུ་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་མེད་པས་ཧྲའན་ཤིས་ཀྱི་ཡུལ་སྐོར་བ་ཚོས་དང་ཐོག་གནམ་གྲུ་བསྡད་ནས་ཐེ་ལན་ས་ཁོངས་སུ་འཕུར་དགོས་པ་དང་དེ་ནས་ལམ་བར་དུ་རླངས་འཁོར་དང་གྲུ་གཟིངས་ལ་བསྡད་རྗེས་གཞི་ནས་སླེབས་ཀྱི་ཡོད། ད་ཐེངས་ཐད་འཕུར་མཁའ་ལམ་ཤར་གཏོང་ཐུབ་པ་དེས་ཤིས་ཨན་ནས་སུའུ་མའེ་གླིང་ཕྲན་དུ་བསྐྱོད་མཁན་ཡུལ་སྐོར་བའི་ལམ་ཐག་ཧ་ཅང་ཐུང་དུ་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།