འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་རལ་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པས་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་ཕ་ལེ་སི་ཐན་དང་
    དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་ཕན་ཐོགས་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོར་བཅའ་སྡོད་དབྱི་སི་རལ་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པ་མ་ཐེང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ལོ་འདིའི་ནང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་མི་སྣའི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུའི་འཆར་གཞི་སོགས་ཀྱི་བྱེད་ཐབས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་དབར་གྱི་འགལ་ཟླ་ཉུང་དུ་གཏོང་བ་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བཤད།
         མ་ཐེང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་གཟུགས་བརྙན་གཙོ་བོ་འདོན་པ་དང་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་ཅིང་། ཁོང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་བྱེད་ཐབས་གསར་པ་དང་ལྟ་བ་གསར་པ་མཁོ་གི་ཡོད་ཅེས་གསུངས།
         ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་འདི་ལོའི་ཟླ་བ་བདུན་པར་ཀྲུང་གོར་འཚམས་འདྲི་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་དུས་བབ་གསར་པའི་འོག་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི“འདོད་ཚུལ་བཞི”བཏོན་ནས་ཕྱོགས་ཁག་གིས་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུའི་རེ་འབོད་བྱས་ཡོད། “འདོད་ཚུལ་བཞིའི”ནང་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”རྨང་གཞིར་བྱེད་པའི་ཆབ་སྲིད་ཀྱི་འདུམ་འགྲིག་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབད་འཐབ་དང་སྔར་བས་མཐུན་སྦྱོར་བྱས་ཏེ་ཞི་བདེར་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྟོབས་ཆེར་གཏོང་བ། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ་བཅས་ཀྱི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།