འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འཇོར་ཇི་ཡར་རྒྱལ་ཁབ་མང་པོའི་མཉམ་འབྲེལ་ དམག་དོན་ནང་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན“བདེ་ལྕག་འཁྱུག་པའི་སྙིང་སྟོབས་2017”ཞེས་ཚབ་བཏགས་པའི་རྒྱལ་ཁབ་མང་པོའི་དམག་དོན་ནང་སྦྱོང་འཇོར་ཇི་ཡའི་ལྷོ་རྒྱུད་ཀྱི་ཨོར་པོ་ལུའོ་དམག་དོན་རྟེན་གཞིར་འགོ་ཚུགས་པ་རེད།
         འཇོར་ཇི་ཡའི་རྒྱལ་སྲུང་པུས་དེ་ཉིན་གསལ་བསྒྲགས་སྤེལ་ཏེ་ཨ་རི་དང་། ཡུག་རེན། པུར་ཀ་རི་ཡ། ལ་ཐེ་ཝེ་ཡ། རོ་མ་ནི་ཡ། ཨ་ཟེར་བྷེ་ཅང་། འཇོར་ཇི་ཡ་བཅས་ཀྱི་དམག་མི་1500ཙམ་མཉམ་འབྲེལ་དམག་དོན་ནང་སྦྱོང་ལ་ཞུགས་རྒྱུ་རེད། དམག་དོན་ནང་སྦྱོང་གི་དམིགས་ཡུལ་ནི་དམག་དོན་ནང་སྦྱོང་ལ་ཞུགས་མཁན་རྒྱལ་ཁབ་ཀྱི་དམག་དཔུང་དབར་གྱི་མཐུན་སྦྱོར་དམག་འཐབ་ནུས་པ་ཆེ་རུ་དང་། དངོས་འཐབ་ཆུ་ཚད་མཐོ་རུ་བཏང་སྟེ་མཚོ་ནག་དང་དེ་བཞིན་ཀའོ་ཅ་སུའོ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་དེ་བས་ལེགས་པའི་ངང་སྲུང་སྐྱོང་བྱ་ཆེད་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།