འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱས་པས་ཐོན་ལས་མང་པོ་མཐུན་
    འགྱུར་འཕེལ་རྒྱས་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཚན་རྩལ་གསར་གཏོད་ཡར་སྐུལ་འཐབ་ཇུས་ལག་བསྟར་བྱས་ནས་ཚྭ་མཚོའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་འཚམ་པའི་ཕན་འབྲས་ཆེ་ལ་ཐཱན་ཉུང་བ་དང་འཁོར་རྒྱུག་བེད་སྤྱོད་ཆོག་པའི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པས། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཐད་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱ་རྒྱུ་དེ་ནུས་རྒྱུའི་རྫས་འགྱུར་བཟོ་ལས་དང་། མདོག་ལྡན་ལྕགས་རིགས། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ་བཅས་ཀྱི་ཐོན་ལས་དང་མཐུན་འགྱུར་འཕེལ་རྒྱས་ཀྱི་འཁོར་རྒྱུག་ཐོན་ལས་མ་ལག་རགས་ཙམ་ཞིག་ཆགས་ཡོད་པ་རེད།
         མཚོ་སྔོན་ཚྭ་འདམ་གཤོངས་སར་ཚྭ་མཚོ་30ལྷག་ཙམ་ཡོད་པ་ལས་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5856ཟིན་པའི་འཇང་གི་ཚྭ་མཚོ་དཀར་མོ་ནི་རང་རྒྱལ་གྱི་ཅཱ་མའེ་ཚྭའི་གཏེར་ས་ཆེ་ཤོས་དེ་ཡིན་པ་དང་། དེའི་ཐོན་ཁུངས་སྣ་ཚོགས་ཀྱི་བསྡོམས་འབོར་ཏུན་དུང་ཕྱུར་601ཟིན་ཡོད། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན། ས་གནས་དེ་གའི་སྲིད་གཞུང་གིས“མཚོ་སྔོན་གྱི་ཅཱ་ལུད་ཏུན་ཁྲི་བརྒྱའི་ལས་གྲྭའི”རྣམ་གྲངས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དུས་ཐེངས་དང་པོ་དང་། གཉིས་པ། དེ་བཞིན་ལྕགས་རིགས་མའེ་གཞི་གཅིག་ཅན་གྱི་རྣམ་གྲངས་སོགས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སྔ་རྗེས་སུ་སྤེལ་འགོ་བཙུགས་ནས་ཚྭ་མཚོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུ་ལྟེ་བར་བཟུང་ནས་ཅཱ་དང་། ནཱ། མའེ། ལིས། ཚ་ལ་སོགས་ཀྱི་ཐོན་ཁུངས་སྐས་རིམ་ལྟར་གསར་སྤེལ་བྱས་པ་བརྒྱུད། 2025ལོར་སླེབས་སྐབས་ཁིལ་འགྱུར་ཅཱ་ཐོན་ནུས་ཏུན་ཁྲི་85དང་། ལྕགས་རིགས་མའེ་ཐོན་ནུས་ཏུན་ཁྲི་20 བུལ་ཏོག་རྐྱང་པ་ཐོན་ནུས་ཏུན་ཁྲི་600 ཐཱན་སྐྱུར་ལིས་ཐོན་ནུས་ཏུན་ཁྲི་10བཅས་ཟིན་རྒྱུ་ཡིན་ལ། སྐབས་དེར་ཚྭ་མཚོའི་ཐོན་ལས་རིན་ཐང་སྒོར་དུང་ཕྱུར་1000ཡན་ཟིན་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།