འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་འཕྲིན་སྦྲེལ་དྲ་
    རྒྱ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་འཕྲིན་སྦྲེལ་དྲ་
རྒྱ་ཤར་གཏོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་འཕྲིན་སྐྱེལ་གཏན་འཇགས་ས་ཚིགས་ཤར་གཏོང་བྱས་ཤིང་། དེ་ཡིས་མཚོ་བོད་མཐོ་སྒང་གི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་ཐོག་མར་འཕྲིན་སྦྲེལ་དྲ་རྒྱ་བརྒྱུད་དེ་འཛམ་གླིང་དང་འཕྲིན་འབྲེལ་བྱེད་ཐུབ་པ་མཚོན་པ་རེད།
         ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་འགོ་འཛིན་གཞོན་པ་ལུའོ་ཡན་ཧའེ་ཡིས་ངོ་སྤྲོད་བྱས་པ་སྟེ། ཚེས་29ཉིན་གྱི་ཕྱི་དྲོར། ཨ་ཆེན་གངས་རྒྱབ་ཀྱི་འཁོར་སྐར་འཕྲིན་སྦྲེལ་དྲ་རྒྱ་རོགས་སྐྲུན་ལས་གྲྭའི་རྒྱལ་ནང་གི་འཁོར་སྐར་འཕྲིན་གཏོང་ཀུང་སི་གཉིས་ཀྱིས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་འཁོར་སྐར་འཕྲིན་གཏོང་གཏན་འཇགས་ས་ཚིགས་ཤར་གཏོང་བྱས་པ་རེད། དུས་འདི་ནས་བཟུང་ཨ་ཆེན་གངས་རྒྱབ་ཏུ་དྲ་རྒྱ་འཕྲིན་གཏོང་མེད་པའི་ལོ་རྒྱུས་དང་རྩ་བ་ནས་བྲལ་ཞིང་། ཀྲུང་གོའི་མི་མེད་ལུང་སྟོང་ཆེན་པོ་བཞིའི་ཁྲོད་ཀྱི་འཕྲིན་སྦྲེལ་དྲ་རྒྱ་དང་འབྲེལ་མཐུད་བྱས་པའི་ས་ཁུལ་ཐོག་མར་གྱུར་ཡོད་ཅེས་བརྗོད་པ་རེད།
         མིག་སྔར། བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་མཐའ་འཁོར་གྱི་སྨི་500ནས་1000བར་གྱི་ས་ཁོངས་སུ་འཕྲིན་སྦྲེལ་དྲ་རྒྱུ་དང་འབྲེལ་མཐུད་བྱས་ཡོད་པས། དྲ་འཇུག་བརྒྱུད་གཏོང་མྱུར་ཚད་མགྱོགས་ཤོས་སྐར་ཆ་རེར་ཐེར་འབུམ་10ཟིན་པ་རེད། 
         ངོ་སྤྲོད་བྱས་པར་གཞིགས་ན། འཁོར་སྐར་འཕྲིན་གཏོང་ལག་རྩལ་གྱི་འཕྲིན་སྦྲེལ་དྲ་རྒྱ་བརྒྱུད་གཏོང་དང་གནས་ངེས་མ་ལག་ལ་བརྟེན་ནས་མུ་མཐུད་དུ་ཨ་ཆེན་གངས་རྒྱབ་ཀྱི་རྩོ་ནག་མཚོ་དང་སྨིག་པ་ལ་སྒང་སོགས་སྲུང་སྐྱོང་ས་ཚིགས་4དང། དེ་བཞིན་སྲུང་སྐྱོང་ཁུལ་ཁག་གི་འགག་སྒོ་དང་ལྟ་དཔྱད་ཚད་འཇལ་བྱེད་ས་གཙོ་བོར་བཀོལ་སྤྱོད་བྱ་རྒྱུ་རེད། 
         ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་4.5ཡོད་ཅིང་།  ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཡན་ཡོད་པ་རེད། ཟླ་7ཚེས་7ཉིན། ཕོ་ལན་རྒྱལ་ཁབ་ཀྱི་ཁེ་ལཱ་ཁོ་ཧྥུ་རུ་འཚོགས་པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་དུ་བཀོད་ཡོད་པ་རེད།
    【1】  【2】  【3】
    ༄༅།།ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་འཕྲིན་སྦྲེལ་དྲ་
རྒྱ་ཤར་གཏོང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།