འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་ཐོག་མར་སྤྲོད་པ་དང་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་
    དུ་སྨན་རིན་རྩིས་རྒྱག་མ་ལག་རྒྱལ་ཡོངས་ཀྱི་མ་ལག་དང་དངོས་སུ་འབྲེལ་མཐུད་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་གཱ་ཐོག་མར་སྤྲོད་པ་དང་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་རིན་རྩིས་རྒྱག་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཉིང་ཁྲིར་གཉེར་བ་དེ་ཐོག་ནས་བོད་ལྗོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་རིན་རྩིས་རྒྱག་མ་ལག་རྒྱལ་ཡོངས་ཀྱི་མ་ལག་དང་དངོས་སུ་འབྲེལ་མཐུད་ཐུབ་པ་མཚོན་པ་དང་ས་མཐོའི་མང་ཚོགས་ཡུལ་གཞན་དུ་སྨན་པ་བསྟེན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་སྤྱི་ཚོགས་འགན་སྲུང་གཱ་1000ལྷག་ཙམ་གཉེར་བ་དེ་དག་སྤྲོད་བཞིན་ཡོད་པ་རེད།
           “བོད་ལྗོངས་ཀྱི་མང་ཚོགས་ཀྱིས་ནང་སའི་མང་ཚོགས་ལྟར་སྨན་པ་བསྟེན་པ་དང་སྨན་རིན་རྩིས་རྒྱག་གི་སྟབས་བདེ་ལོངས་སྤྱོད་ཐུབ་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་པའི་དྲ་སྦྲེལ་སྨན་རིན་རྩིས་རྒྱག་ཡོངས་ཁྱབ་ཐུབ་པ་བྱ་རྒྱུ་རེད”སྤྱི་ཚོགས་འགན་སྲུང་གཱ་ནི་ཡུལ་གཞན་དུ་སྨན་པ་བསྟེན་པའི་ཐད་ཀར་སྨན་རིན་རྩིས་རྒྱག་གི་དཔང་འཛིན་གཅིག་པུ་དེ་ཡིན། བོད་ལྗོངས་ཀྱི་མང་ཚོགས་ཀྱིས་ལས་ཀ་འཚོལ་བ་དང་། གསོ་སྦྱོང་། སྨན་པ་བསྟེན་པ། འགན་བཅོལ་ནང་ཞུགས་པ་དང་དངུལ་འཇལ་བ་སོགས་མི་སྤྱིའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་རེད་ཅེས་མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཡིའུ་ཅུན་གྱིས་བཤད།
          “དེ་སྔ་ནང་སར་ནད་བལྟས་རྗེས་འགྲོ་ལུགས་ཚང་མ་འགན་ཞུགས་བྱ་ཡུལ་དུ་ཁྱེར་ནས་སྨན་རིན་རྩིས་ཞུ་བྱེད་དགོས་ཀྱི་ཡོད། ད་ཆ་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་དྲ་སྦྲེལ་ཐོག་ནས་སྨན་རིན་རྩིས་རྒྱག་ཤར་གཏོང་ཐུབ་པས་སྨན་ཁང་དུ་སྨན་རིན་རྩིས་ཞུ་བྱེད་ཆོག་གི་ཡོད་སྟབས་ནད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད”ཅེས་དབྱང་ཁྲུན་ལིང་གིས་ལག་ཏུ་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ནས་དགའ་སྤྲོའི་ངང་བཤད།
            ཤེས་རྟོགས་བྱུང་བར་གཞིགས་ན། དུས་འགོར་བོད་ལྗོངས་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་དང་། ཁྲེང་ཏུར་བཅའ་སྡོད་དོན་གཅོད་ཁྲུའུ། ས་ཁུལ་དང་གྲོང་ཁྱེར་ཁག་གཅིག་བཅས་སུ་གྲངས་གཞི་འཚོལ་བསྡུའི་ལས་དོན་སྤེལ་ཡོད། གོམ་སྟབས་རྗེས་མར་སྤྱི་ཚོགས་འགན་སྲུང་གཱ་ཡི་གྲངས་གཞི་འཚོལ་བསྡུ་དང་གཱ་བཟོ་སྤྲོད་ཀྱི་ལས་དོན་མུ་མཐུད་སྤེལ་ཏེ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་པ་བསྟེན་པ་དང་ཞག་སྡོད་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་རྒྱུར་སྐུལ་འདེད་བཏང་ནས“གྲངས་གཞི་བརྒྱུད་སྤྲོད་བྱེད་པ་ལས་མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པའི”དམིགས་ཚད་མངོན་འགྱུར་གང་ཐུབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།