འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་ལས་རིགས་ལྟ་སྐུལ་ཨུ་ལྷན་སོགས་སྡེ་ཚན་གྱིས་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་
    དངུལ་བུན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། དངུལ་ཁང་ལས་རིགས་ལྟ་སྐུལ་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་། མི་དམངས་དངུལ་ཁང་། འགན་བཅོལ་ལྟ་སྐུལ་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་དང་མཉམ་དུ་《དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ་ས་ཁུལ་ཁག་ལ་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་འཕེལ་རྒྱས་གཏོང་སྐབས་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་དང་སྐྱེད་སྦྱར་དངུལ་བུན་གཏོང་ཡུལ་ལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ལ་སྤྱི་བསྒྲགས་སྤེལ་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མིན་པ་རྣམས་ཀྱིས“ཞོར་ཁེ་ཟ་རྒྱུ”གཏན་འགོག་བྱེད་དགོས། ཡིད་རྟོན་ཆུ་ཚད་དང་བུན་འཇལ་ནུས་པ་དེ་གཉིས་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་གཏོང་བའི་དཔྱད་བསྡུར་ཚད་གཞི་གཙོ་བོར་བཟུང་བ་དང་། དངུལ་བུན་གཏོང་བའི་བརྒྱུད་རིམ་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡིད་རྟོན་དངུལ་བུན་དོ་དམ་གྱི་གཏན་འབེབས་དང་མཐུན་པ། དངུལ་བུན་གཡར་བའི་གན་རྒྱའི་ནང་དངུལ་བུན་གྱི་སྤྱོད་སྒོ་ཁ་གསལ་བཟོ་བ་བཅས་བྱས་ཏེ་དུད་ཚང་སུས་གཡར་བ་དེས་འཇལ་རྒྱུ་མཐའ་འཁྱོངས་ཀྱིས་མིང་རྫུས་ནས་གཡར་བ་དང་སྒྲིག་འགལ་ངང་སྤྱོད་པ་སོགས་ཀྱི་གནད་དོན་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          《བརྡ་ཐོའི་》ནང་། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་རྣམས་དུད་ཚང་དབུལ་པོར་ཐོན་སྐྱེད་འཕེལ་རྒྱས་གཏོང་བའམ་ཡང་ན་ཕྱུག་འགྱུར་དབུལ་སྒྲོལ་གྱི་སྐུལ་ཁྲིད་ནུས་ལྡན་ཐུབ་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གནད་སྨིན་ངང་སྤྱོད་དགོས་པ་ལས་ཁང་པ་རྒྱག་པ་དང་། རྒྱུ་ནོར་བདག་གཉེར། ཁྱིམ་ཆས་ཉོ་སྒྲུབ་སོགས་ཐོན་སྐྱེད་རང་བཞིན་མིན་པའི་གཏོང་སྒོར་སྤྱོད་མི་རུང་ལ། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་རྣམས་སྡེབ་གཅིག་ལ་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་དང་། ས་ཁང་བདག་ཁོངས་ཀྱི་གསར་སྤེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་དེ་བས་སྤྱོད་མི་རུང་། དེ་དང་ཆབས་ཅིག་ཉེན་ཁའི་ཁ་གསབ་དངུལ་གཏན་འབེབས་ལྟར་དུས་ཐོག་ཏུ་སྤྲོད་དགོས་པ་དང་། ཆེད་དངུལ་ཆེད་བཅོལ་དང་། ཆེད་དངུལ་ཆེད་སྤྱོད། བཀག་སྡོམ་འཁོར་རྒྱུག་བཅས་བྱེད་དགོས་པ་ལས་ཉེན་ཁའི་ཁ་གསབ་དངུལ་དེ་དག་ཁག་ཐེག་དངུལ་དང་མཉམ་དུ་སྤྱོད་མི་རུང་ཞེས་ནན་བཤད་བྱས་ཡོད།
           《བརྡ་ཐོའི་》ནང་། དངུལ་བུན་གྱི་ཉེན་ཁར་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་དུས་ཚད་ལས་ཡོལ་བ་དང་བུན་རུལ་དངུལ་བུན་ལ་ལྟ་སྟངས་ལོགས་བཀར་འཛིན་དགོས། རང་ངོས་ཀྱི་རྒྱུ་རྐྱེན་མ་ཡིན་པར་དུས་བཀག་ནང་དངུལ་བུན་འཇལ་མི་ཐུབ་པའི་དུད་ཚང་དབུལ་པོར་བུན་འཇལ་དུས་ཚད་རིང་དུ་གཏོང་རོགས་བྱེད་དགོས། དངུལ་བུན་ཁ་གསབ་སྤྲད་ནས་དཀའ་ངལ་སྒྲོལ་ཐུབ་རིགས་ལ་དངུལ་བུན་ཁ་གསབ་རྒྱབ་སྐྱོར་བྱས་ཏེ་བུ་ལོན་གྱི་རྐྱེན་པས་བསྐྱར་དུ་དབུལ་པོར་མི་འགྱུར་བ་བྱེད་དགོས། དངུལ་བུན་ཁ་གསབ་སྤྲད་རྗེས་དུད་ཚང་རེར་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་5ལས་བརྒལ་མི་རུང་བའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།