འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚྭ་སྡེ་དགུའི་ས་ཡོམ་གེགས་ཁུལ་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་
    སྐྲུན་དུས་མཚམས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “8·8”གཟི་ཚྭ་སྡེ་དགུའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་ཚེས་16ཉིན་འཚོགས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་མིག་སྔར་ས་ཡོམ་གེགས་ཁུལ་དུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་བཀོད་སྒྲིག་དུས་མཚམས་ཀྱི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ནས་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད། གེགས་ཁུལ་གྱི་གེགས་རྗེས་བསྐྱར་སྐྲུན་འཆར་འགོད་གང་མགྱོགས་བཟོས་ནས་སྣོད་བཅུད་ལྗང་མདོག་བསྐྱར་སྐྲུན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་ལུགས་བརྗོད་པ་རེད།
            གསར་འགོད་པས་གེགས་ཁུལ་ནས་ཤེས་རྟོགས་བྱུང་བར། མིག་སྔར་གེགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་ལེགས་པ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་གཅིག་མཇུག་གཉིས་མཐུད་ངང་སྤེལ་བཞིན་ཡོད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ་དང་ཉེན་གཡོལ་ལ་སྣང་ཆེན་བྱེད་པའི་རྩ་དོན་གྱི་མཛུབ་ཁྲིད་འོག་མིག་སྔར་གེགས་ཁུལ་དུ་བཀོད་སྒྲིག་ས་ཚིགས་305བཙུགས་པ་དང་མང་ཚོགས་ཁྲི་2.7ལྷག་ཙམ་བཀོད་སྒྲིག་འོས་འཚམ་བྱས་པས་ནད་ཡམས་ཀྱི་གནས་ཚུལ་ཐོན་མེད།
           གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་ཀྱི་གནད་དོན་ལ་དམིགས་ནས་མིག་སྔར་གེགས་ཁུལ་གྱིས་ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་7900ལྷག་ཙམ་མཁོ་འདོན་བྱས་པ་དང་ཉེ་དུས་ད་དུང་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ་མ་ཟད། གེགས་ཁུལ་མང་ཚོགས་འཕྲལ་སྡོམ་ཉེན་འགོག་དང་། གནོད་འཚེ་འགོག་བཅོས། ཤང་གྲོང་གི་འགྲོ་ལམ་འཛུགས་སྐྲུན་སོགས་ནང་ཞུགས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་སྐུལ་སློང་བྱས་པ་རེད།
          བཀོད་འདོམས་པུའི་ཚོགས་འདུའི་ཐོག་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། ཡུལ་སྐོར་ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ། མི་རིགས་རིག་གནས་རྒྱུན་འཛིན་དང་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་ཉམས་བཟོ་སྲུང་སྐྱོང་དང་། ས་གཤིས་གནོད་འཚེ་འགོག་བཅོས། མཛེས་ལྗོངས་ཁུལ་ཉམས་བཟོ་དང་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་བསྐྱར་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་སྐྲུན་བཅས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ལུགས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།