འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུ་གཙང་མ་རང་རྒྱལ་གྱི་གསར་འཕར་ནུས་རྒྱུའི་བྱེད་པོར་འགྱུར་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྡོ་སྣུམ་དཔལ་འབྱོར་ལག་རྩལ་ཞིབ་འཇུག་ཁང་གིས་ཚེས་16ཉིན་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་། རང་རྒྱལ་གྱི་ཐེངས་གཅིག་ནུས་རྒྱུའི་འཛད་སྤྱོད་གྲུབ་ཆར་གཙང་མ་དང་ཐཱན་ཉུང་གི་ཁྱད་ཆོས་མངོན་ཡོད་པས་2030ལོའི་གོང་རང་བྱུང་སོལ་རླངས་དང་འགྱུར་རྡོ་མིན་པའི་ནུས་རྒྱུ་སོགས་ནུས་རྒྱུ་གཙང་མ་གསར་འཕར་ནུས་རྒྱུའི་བྱེད་པོར་འགྱུར་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
           2017ལོའི་པར་གཞིའི་《2050ལོའི་འཛམ་གླིང་དང་ཀྲུང་གོའི་ནུས་རྒྱུར་རྒྱང་ལྟ་བྱེད་》ཅེས་པའི་སྙན་ཞུའི་ནང་རང་རྒྱལ་གྱི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་དེ་བརྟན་པོའི་ངང་ཆེ་རུ་འགྲོ་བཞིན་ཡོད་པ་དང་དེའི་དགོས་མཁོ་ཆེ་རུ་འགྲོ་ཚད་གཙོ་བོ་གློག་ཤུགས་དང་། བཟོ་ལས། གྲོང་མི་སོགས་ཀྱི་ཁྱབ་ཁོངས་སུ་ཡིན་པ་དང་། རླུང་དང་འོད་སོགས་བསྐྱར་སྐྱེས་ནུས་རྒྱུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་སྲོལ་རྒྱུན་ནུས་རྒྱུའི་ཚབ་བྱེད་པའི་རྣམ་པ་རིམ་བཞིན་མངོན་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
          སྙན་ཞུའི་ནང་ད་དུང་། འཛམ་གླིང་ནུས་རྒྱུ་དེ་སྤོ་སྒྱུར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས། སྣ་མང་དང་། ཐཱན་ཉུང་། གཙང་མ། ནུས་ཆེ། བདེ་འཇགས་བཅས་ནི་ལྡོག་མེད་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་ཤིག་རེད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ནུས་རྒྱུའི་ལས་རིགས་ཡོངས་ཀྱི་ལག་རྩལ་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུ་དང་། ནུས་ཕྱོད་ཆུ་ཚད་བརྟན་པོའི་ངང་ཆེ་རུ་འགྲོ་རྒྱུ། ནུས་རྒྱུ་གསར་པའི་མ་གནས་རྒྱུན་ཆད་མེད་པར་དམའ་རུ་འགྲོ་རྒྱུ་དང་། ཚོང་ལས་བྱེད་སྟངས་གསར་པས་མི་དེ་བས་མང་བའི་ནུས་རྒྱུ་འཛད་སྤྱོད་སྔར་བས་སྟབས་བདེ་ཕྱིན་ནས་ནུས་རྒྱུའི་ཁྱབ་སྟངས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།