འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་ལྡིང་དགོན་ལྷ་ཁང་དཀར་པོའི་ལྡེབས་རིས་ཀྱི་ཞིབ་ཆ་ཆེ་བའི་གྲངས་གཞིའི་ཡིག་ཚགས་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཐོ་ཚད་ལ་ཧ་ལམ་སྨི་4ཙམ་ཡོད་པའི་མཐོ་ལྡིང་གཙུག་ལག་ཁང་གི་ལྷ་ཁང་དཀར་པོའི་ལྡེབས་རིས་ཆེ་གྲས་ཤིག་སུའུ་ཀྲོའུ་ཐང་ཀྲུང་དབྱིན་ཐེབས་རྩ་ཚོགས་པའི་འགྲེམས་ཁང་དུ་འགྲེམས་སྟོན་བྱས་ཤིང་། ལྡེབས་རིས་དེ་བརྗིད་ཆགས་རྣམ་པར་བཀྲ་བ་ཞིག་ཡོད་ཅིང་། དེའི་ཁྲོད་ཀྱི་རྗེ་བཙུན་ཡབ་ཡུམ་གྱི་ན་བཟའ་སྟེང་གི་རི་མོ་དང་། རྒྱན་ཆ། ཕྱག་མཚན་བཅས་ཧ་ཅང་ཞིབ་ཚགས་པོ་བྲིས་ཡོད་པ་རེད།
            འདི་ནི་ཀྲེ་ཅང་སློབ་ཆེན་གྲངས་གཞི་ཅན་གྱི་གནའ་རྫས་རྟོག་ཞིབ་ཚོགས་པས་ཞིབ་ཆ་ཆེ་བའི་གྲངས་གཞིའི་ཡིག་ཚགས་ལྟར་འདྲ་བཟོ་བྱས་པའི་མཐོ་ལྡིང་གཙུག་ལག་ཁང་གི་ལྷ་ཁང་དཀར་པོའི་ལྡེབས་རིས་ཀྱི་ཆ་ཤས་ཤིག་ཡིན་པ་རེད། ཀྲེ་ཅང་སློབ་ཆེན་དང་། མངའ་རིས་ས་ཁུལ་རིག་གནས་ཅུས། རྩྭ་མདའ་རྫོང་རིག་དངོས་ཅུས་བཅས་ཀྱིས་གནའ་རྫས་རྟོག་ཞིབ་ཚོགས་པ་མཉམ་དུ་བཙུགས་ནས་གྲངས་གཞི་ཅན་གྱི་འཚོལ་སྡུད་ལས་དོན་སྤེལ་བས། ལྟད་མོ་བ་ཚོས་མངའ་རིས་རྩྭ་མདའ་དང་ལེ་དབར་སྟོང་གིས་ཆོད་པའི་སུའུ་ཀྲོའུ་ནས་བོད་ཡུལ་གྱི་ངོ་མཚར་ཆེ་བའི་ལྡེབས་རིས་འདི་ཐེངས་དང་པོར་ལྟ་ཐུབ་པ་རེད།
          “ལྡེབས་རིས་དེ་ནི་མིག་སྔར་ཉར་ཚགས་ཐུབ་པའི་རྣམ་པ་ངོ་མ་ཡིན་ཏེ། ཚོས་གཞི་སླར་གསོ་ཐུབ་ཚད་95%ཡན་ཟིན་ཡོད”གྲངས་གཞི་ཅན་གྱི་འཚོལ་སྡུད་ནི་སྲོལ་རྒྱུན་པར་རྒྱག་ལས་ཧ་ཅང་ཞིབ་ཆ་ལྡན་པ་ཞིག་རེད་ཅེས་ཀྲེ་ཅང་སློབ་ཆེན་རིག་གནས་ཤུལ་བཞག་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ལི་ཀྲི་རུང་གིས་དེ་ལྟར་བརྗོད།
            ཀྲེ་ཅང་སློབ་ཆེན་རིག་གནས་ཤུལ་བཞག་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ཏིའོ་ཁྲང་ཡུས་ཀྱིས། གྲངས་གཞི་ཅན་གྱི་གནའ་རྫས་རྟོག་ཞིབ་ཚོགས་ཆུང་གིས་ཟླ་བ་དྲུག་ལྷག་ཙམ་རིང་རྟོག་ཞིབ་དང་ལེགས་སྒྲིག་བྱས་པ་དང་། ཀྲེ་ཅང་སློབ་ཆེན་གྱིས་རང་བརྟེན་གསར་གཏོད་བྱས་པའི་སྟབས་བདེའི་སྒྲིག་ཆས་རབས་བཞི་པ་སྤྱད་དེ་ལག་རྩལ་གྱི་དཀའ་གནད་མང་པོ་ཁྱད་དུ་བསད་མཐར་མཐོ་ལྡིང་གཙུག་ལག་ཁང་གི་ལྷ་ཁང་དཀར་པོའི་རྣམ་པ་ཡོངས་སུ་མངོན་པའི་གསལ་ཆ་ཆེ་བའི་གྲངས་གཞིའི་ཡིག་ཚགས་འདི་གྲུབ་པ་རེད་ཅེས་ངོ་སྤྲོད་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།