འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས"རྩིས་བཤེར་ཡང་སེ་བྱས་ཀྱང་གནད་དོན་ཡང་སེ་ལྷག་པ"སོགས་ཀྱི་བཅོས་
    དཀའ་བའི་རྐྱེན་རྩ་ཏན་ཏིག་བསལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུས་《སློབ་གསོ་པུའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་དག་ཐེར་ལས་ཀའི་བྱ་ཐབས་》(གཤམ་དུ་《བྱ་ཐབས་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཤིང་། 《བྱ་ཐབས་》ནང་འགན་འཁྲི་རྩིས་བཤེར་དག་ཐེར་བྱེད་པ་དང་། གཅུན་འདོམས་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། རྩིས་བཤེར་བསམ་འཆར་གྱི་བཙན་ཤེད་གཅུན་འདོམས་ནུས་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། “སྒེའུ་ཁུང་ཆག་པའི་ལན་འབྲས”གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ནི“རྩིས་བཤེར་ཡང་སེ་བྱས་ཀྱང་གནད་དོན་ཡང་སེ་ལྷག་པ”སོགས་ཀྱི་བཅོས་དཀའ་བའི་རྐྱེན་རྩ་ཏན་ཏིག་སེལ་བའི་འགན་ལེན་བྱ་ཐབས་ཤིག་ཡིན་པ་གསལ་པོ་བཏོན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབྱོར་འགན་འཁྲི་རྩིས་བཤེར་དག་ཐེར་ལས་ཀ་ནི་རྩིས་བཤེར་ལས་ཀའི་ལྷུ་ཚིགས་གལ་ཆེན་ཞིག་དང་རྩིས་བཤེར་ལས་ཀའི་ཕན་འབྲས་ལ་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་པས། དག་ཐེར་ལས་ཀའི་ཕན་འབྲས་ཡག་ཉེས་དེ་རྩིས་བཤེར་གྱི“ནད་འགོག་མ་ལག”གི་ནུས་པ་ཡག་པོ་འདོན་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། དོན་དངོས་ལས་ཀའི་ཁྲོད་གནད་དོན་ཁག་གཅིག་རྩིས་བཤེར་ཡང་སེ་བྱས་ཀྱང་ཡང་སེ་ལྷག་གི་ཡོད་པ་དང་སྒྲིག་སྲོལ་དང་ལམ་སྲོལ་ཁག་གཅིག་གི་གནད་དོན་རྩ་བ་ནས་ཐག་གཅོད་ཡོང་གི་མེད་སྟབས། དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལས་ཀའི“མཐའ་མའི་འགག་གནད”ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡོད། རྩ་བའི་རྐྱེན་རྩ་ནི་གཙོ་བོ་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་དག་ཐེར་ལས་ཀའི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། ཚན་པ་ཁག་གཅིག་ནང་དག་ཐེར་ནར་འགྱངས་དང་། གདམ་གའི་རང་བཞིན་གྱི་དག་ཐེར། ཕྱི་ཚུལ་ཙམ་གྱི་དག་ཐེར། འགན་འཁྲི་རྩད་གཅོད་དང་བདའ་འདེད་གཏོང་ཤུགས་མི་འདང་བ་སོགས་ཀྱི་གནས་ཚུལ་སྔར་བཞིན་གནས་ཡོད་པ་དང་རྩིས་བཤེར་མཇུག་འབྲས་བེད་སྤྱོད་གང་ལེགས་མ་བྱུང་བའི་དབང་གིས་རྩིས་བཤེར་ལས་ཀའི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་ཉམས་ཞན་དུ་འགྲོ་ཡི་ཡོད་པ་དེ་རེད། རྩིས་བཤེར་ཧྲུའུ་ཡིས་རྩིས་བཤེར་དག་ཐེར་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཚན་པ་ཁག་ལ“རྩིས་བཤེར་ཡང་སེ་བྱས་ཀྱང་གནད་དོན་ཡང་སེ་ལྷག་པ”རྩ་བཅོས་བྱེད་པའི་ཕུགས་ཕན་ལམ་སྲོལ་ཞིབ་འཇུག་བྱས་ནས་བཟོ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་སློབ་གསོ་པུས་ཆེད་མངགས་《བྱ་ཐབས་》བཟོས་ནས་པར་འགྲེམས་བྱས་པ་དེས་རྩིས་བཤེར་དག་ཐེར་ལས་ཀའི་གཟབ་ནན་རང་བཞིན་ཆེ་རུ་འགྲོ་རྒྱུ་དང་། རྩིས་བཤེར་དག་ཐེར་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུ། རྩིས་བཤེར་དག་ཐེར་ལས་ཀ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་བཅས་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། རྩིས་བཤེར་ལས་ཀའི“མཐའ་མའི་འགག་གནད”སེལ་རྒྱུ། “གདུབ་ཟུམ”དོ་དམ་བྱེད་སྟངས་བཟང་པོ་ཞིག་ཆགས་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
         《བྱ་ཐབས་》ནང་དཔལ་འབྱོར་འགན་འཁྲི་རྩིས་བཤེར་དག་ཐེར་བྱེད་པའི་འགན་འཁྲིའི་བྱེད་པོ་དང་། དམིགས་ཚད་བླང་བྱ། དག་ཐེར་སྙན་ཞུ། རྗེས་སྙེགས་ཞིབ་བཤེར། རྩིས་བསྡུར་ཐོ་བསུབ། དག་ཐེར་ལྟ་ཞིབ། འགན་འཁྲི་བདའ་འདེད་དང་བརྡ་ཁྱབ། གྲོས་མོལ་ལམ་སྲོལ། མཉམ་སྒུལ་ལམ་སྲོལ་སོགས་ཐད་ལ་ཁྱོན་ཡོངས་དང་། ཕྱོགས་བསྡུས། ཞིབ་ཕྲ་བཅས་ཀྱི་དོ་དམ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།