འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསམ་འཆར་བཏོན་ཏེ་ཚོང་གཉེར་ཁོར་ཡུག་ལེགས་
    སུ་གཏོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་བྱ་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར་འགའ་ཞིག་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་ཏན་ཏིག་བྱས་ནས་མ་འཇོག་དང་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། བརྟན་པོ་དང་། གཞུང་དྲང་། ཕྱི་གསལ་ནང་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ། དེ་བཞིན་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་མགྱོགས་མྱུར་འཛུགས་སྐྱོང་བཅས་བྱ་ཆེད་དེ་བས་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་བྱེད་པའི་ཐད་བསམ་འཆར་22བཏོན་ཡོད་པ་རེད།
         ཁྲོམ་རའི་བྱེད་པོའི་ཐད་《བསམ་འཆར་》ནང་། ཁྲིམས་བཞིན་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་འདྲ་མཉམ་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་བྱེད་པོའི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། འདྲ་མཉམ་སྲུང་སྐྱོང་གི་རྩ་དོན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་《བསམ་འཆར་》ནང་། དབང་བའི་ལམ་ལུགས་མི་འདྲ་བའི་བྱེད་པོ་དང་། ས་ཁུལ་མི་འདྲ་བའི་ཁྲོམ་རའི་བྱེད་པོ། ལས་རིགས་མི་འདྲ་བའི་ཁེ་ཕན་གྱི་བྱེད་པོ་བཅས་ལ་འདྲ་མཉམ་སྲུང་སྐྱོང་བྱེད་པའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་བཅའ་ཁྲིམས་ཀྱི་གནས་བབ་འདྲ་མཉམ་དང་། དབང་ཆ་སྲུང་སྐྱོང་འདྲ་མཉམ། འཕེལ་རྒྱས་ཀྱི་གོ་སྐབས་འདྲ་མཉམ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པ་དང་གསོན་ཤུགས་རྒྱས་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།
         ཁྲོམ་རའི་འཇུག་འཐུས་ཐད་《བསམ་འཆར་》ནང་། གྲོལ་མོལ་ལམ་ལུགས་སྒྱུར་བཅོས་དང་ཕན་ཚུན་འབྲེལ་མཐུད་ཡག་པོ་བྱས་ཏེ་ཐོ་འགོད་མ་རྩའི་ཁས་ལེན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་བྱས་རྗེས་ཀྱི་བཅའ་ཁྲིམས་དང་འཚམ་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུ་ནོར་བདག་དབང་ཐོ་འགོད་ལས་སྟེགས་དང་དངུལ་རྩའི་ཉོ་ཚོང་ཐོ་འགོད་ལས་སྟེགས་སྣ་ཚོགས་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
         ཁྲོམ་རའི་ཉོ་ཚོང་ཐད་《བསམ་འཆར་》ནང་། དངུལ་རྩའི་གྱོད་གཞི་ཁག་འདྲི་ཞིབ་བྱེད་སྐབས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དངུལ་རྩའི་བྱ་སྤྱོད་ཁག་ལ་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         ཁྲོམ་ར་ནས་དོན་པའི་ཐད་《བསམ་འཆར་》ནང་། “བུ་ལོན་མི་འཇལ་བའི”བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ཡིད་རྟོན་འཛུགས་སྐྱོང་བྱེད་པའི་ཐད་《བསམ་འཆར་》ནང་། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་ཆེད་ཡིད་རྟོན་གྱི་འགན་སྲུང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།