འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྐྱོར་སྲིད་ཇུས་དུད་ཚང་ལ་གནད་སྨིན་དོན་འཁྱོལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་49ལ་སླེབས་པའི་ཧྥང་ཧྲན་མོའོ་ནི་ཧྥུའུ་ཅན་ཞིང་ཆེན་མིན་ཆིང་རྫོང་ཧྲང་ལན་ཤང་ལན་ཕུའུ་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན། ཁོང་གི་ལག་གཡས་པར་གྲུམ་བུའི་ནད་ཚབས་ཆེན་ཕོག་སྟབས་ཤུགས་ལས་བྱེད་ཐུབ་ཀྱི་མེད། ཕ་ཡུན་རིང་མལ་སར་ལུས་པ་དང་བུ་མོ་སློབ་ཆེན་ཐོན་མ་ཐག་ཡིན་པའི་ཁར་བུ་ད་དུང་སློབ་གྲྭ་ཆེ་མོ་སྒྲིམ་བཞིན་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད།
         ཆ་སྒྲིག་དབུལ་སྐྱོར་བྱས་པ་ནས་བཟུང་། ཁོང་ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བར་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད། ས་གནས་སྲིད་གཞུང་དང་ཁ་གཏད་རོགས་སྐྱོར་ཚན་པ་ཡིན་པའི་ཧྥུའུ་ཀྲོའུ་གྲོང་ཁྱེར་ཚང་ཧྲན་ཆུས་སྒྲིག་ཨུད་ཀྱིས་ཁོང་ལ་དབུལ་སྒྲོལ་གྱི་རྣམ་གྲངས་དང་མ་དངུལ་སྤྲད་པ་མ་ཟད། ད་དུང་ལག་རྩལ་བསླབས་ནས་ཡཱ་ཙེ་གསོ་ཚགས་བྱེད་རོགས་བྱས་པས་འདི་ལོ་སྔོན་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།