འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཤིན་ཅང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་ཡངས་སུ་བཏང་ནས་ཤིན་ཅང་གི་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བྱ་རྒྱུར་རོགས་རམ་བྱ་ཆེད། ཚེས་16ཉིན། ཤིན་ཅང་གི་ཞིང་ལས་ཐོན་རྫས་ཁེ་ལས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་15ཡི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ཐོན་སྐྱེད་ཕྱིར་ཚོང་གི་འབྲེལ་མཐུད་བྱས་ཏེ་ས་གནས་ས་ཐོག་ཏུ་འདོད་འདུན་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་10.26ཟིན་པ་རེད།
         དེ་ཉིན་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱིས་གཉེར་བའི་2017ལོའི་ཤིན་ཅང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཕྱིར་ཚོང་གི་འབྲེལ་མཐུད་བྱེད་སྒོའི་ཐོག་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་15ནས་ཡོང་བའི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཉོ་སྒྲུབ་ཚོང་པ་64ཡིས་ཤིན་ཅང་གི་ས་ཁུལ་དང་། ཀྲོའུ། གྲོང་ཁྱེར་བཅས་14ཡི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཁེ་ལས་70ལྷག་ཙམ་དང་སྤེལ་རེས་དང་གྲོས་མོལ་བྱས་ཏེ་ཉོ་སྒྲུབ་ཀྱི་གྲོས་ཆོད་ཁག་གཅིག་བཞག་པ་རེད། ཐོན་སྐྱེད་ཕྱིར་ཚོང་གི་འབྲེལ་མཐུད་བྱེད་སྒོ་སྤེལ་ཡུལ་དུ་ཁེ་ལས་16གི་འཐུས་མིས་མ་དངུལ་སྒོར་དུང་ཕྱུར་2.0ཟིན་པའི་ཉོ་སྒྲུབ་ཕྱིར་ཚོང་གི་གྲོས་ཆོད་བཞག་པ་དང་། བྱེད་སྒོའི་ནང་འདོད་འདུན་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་10.26ཟིན་པ། གན་རྒྱ་བཞག་པའི་ཞིང་ལས་ཐོན་རྫས་ཏུན་ཁྲི་12.53ཟིན་ནས་ན་ནིང་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།