འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བདུན་པར་རང་རྒྱལ་གྱི་དངུལ་བུན་སྒོར་དུང་ཕྱུར་8255འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་བདུན་པར་རྒྱལ་ཡོངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་8255འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་3619འཕར་ཡོད་པ་རེད།
         བསྡོམས་རྩིས་ལས་མངོན་པར་གཞིགས་ན། ཟླ་བདུན་པའི་རྒྱལ་ཡོངས་ཀྱི་གསར་འཕར་དངུལ་བུན་ཁྲོད་དངོས་ཚན་དཔལ་འབྱོར་གྱི་དངུལ་བུན་གྱིས་གཙོས་པའི་དངུལ་རྩ་མ་ཡིན་པའི་ཁེ་ལས་དང་དེ་བཞིན་ལས་ཁུངས་དང་ཚོགས་པའི་དངུལ་བུན་སྒོར་དུང་ཕྱུར་3535འཕར་བ་དང་། མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱིས་གཙོས་པའི་ཁྱིམ་དུད་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར་4544འཕར་ཡོད་པ་རེད།
         ཟླ་བདུན་པའི་ཟླ་མཇུག་ཏུ། རྒྱལ་ཡོངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་115.4ཟིན་པ་དེ་དུས་མཚུངས་ལས་13.2%འཕར་ནས་འཕར་ཚད་ཟླ་གོང་མའི་ཟླ་མཇུག་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་བ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།