འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་7པར་རང་བྱུང་གནོད་འཚེ་སྣ་ཚོགས་བྱུང་སྟེ་མི་230གྲོངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། ད་ལོའི་ཟླ་བདུན་པར། རང་བྱུང་གནོད་འཚེ་སྣ་ཚོགས་བྱུང་བའི་དབང་གིས་རྒྱལ་ཡོངས་སུ་ཁྱོན་བསྡོམས་མི་ཐེངས་གྲངས་ཁྲི་5430ལ་གནོད་སྐྱོན་བྱུང་བ་དང་། མི་230གྲོངས་པ། མི་44གར་སོང་ཆ་མེད་དུ་གྱུར་པ། མི་ཐེངས་གྲངས་ཁྲི་281.5ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ། མི་ཐེངས་གྲངས་ཁྲི་78.6ལ་ཛ་དྲག་ངང་འཚོ་བའི་རོགས་སྐྱོབ་བྱས་པ། སྡོད་ཁང་ཁྲི་7.3རྡིབ་པ་དང་། ཁང་མིག་ཁྲི་12.2ལ་ཞིག་སྐྱོན་ཚབས་ཆེན་བྱུང་བ། ཁང་མིག་ཁྲི་48.3གས་སྐྱོན་བྱུང་ཡོད་པ། ལོ་ཏོག་རྒྱ་ཁྱོན་སྤྱི་ཆིང་སྟོང་8840.8ལ་གནོད་སྐྱོན་བྱུང་བ་དང་། དེའི་ནང་སྤྱི་ཆིང་སྟོང་922.2ལས་འབྲུ་རྡོག་གཅིག་ཀྱང་བསྡུ་རྒྱུ་མེད་པ་རེད། ཐད་ཀའི་དཔལ་འབྱོར་གྱོད་གུད་སྒོར་དུང་ཕྱུར་1352.4བྱུང་ཡོད་པ་རེད། སྤྱིའི་ཆ་ནས་བལྟས་ན། གནོད་འཚེ་བྱུང་ཚུལ་ཉེ་བའི་ལོ་ལྔ་ཡི་དུས་དང་བསྡུར་ན་ཕྲན་བུ་ཡང་བ་ཞིག་ཡིན་ཡང་། ལོ་ཏོག་ལ་གནོད་སྐྱོན་བྱུང་ཁྱོན་དང་ཐད་ཀའི་དཔལ་འབྱོར་གྱོང་གུད་བྱུང་ཚད་དུས་མཉམ་ལས་ཆེ་རུ་སོང་ཡོད་པ་རེད།
          ཟླ་བདུན་པར། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ལ་ཁྱད་ཆོས་གཙོ་བོ་གཤམ་གསལ་དག་ཡོད་དེ། གཅིག ལྷོ་ཕྱོགས་དང་བྱང་ཕྱོགས་ལ་སྔ་གཞུག་ཏུ་ཆུ་ལོག་ཞོད་སྐྱོན་གྱི་གནོད་འཚེ་བྱུང་བ། གཉིས། བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་ཚ་བ་ཆེ་བའི་ཐན་པའི་གནོད་འཚེ་བྱུང་བ། གསུམ། རླུང་སེར་གནོད་འཚེའི་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་སོང་ཡོད་པ། བཞི། མཚོ་རླུང་ལྡང་གྲངས་མང་བ་དང་། ས་ཡོམ་གྱི་གནོད་འཚེ་བྱུང་ཚད་ལྟོས་བཅོས་ཐོག་ནས་ཅུང་ཉུང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།