འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྒོར་དུང་ཕྱུར་230བཀོད་སྒྲིག་བྱས་ནས་ཞིང་ལས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་
    ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། གསར་འགོད་པར་ནོར་སྲིད་པུའུ་ཞིང་ལས་སི་ནས་ཤེས་རྟོགས་བྱུང་བར། 2017ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་ཁྱོན་སྒོར་དུང་ཕྱུར་230བཀོད་སྒྲིག་བྱས་ནས་ཞིང་ལས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་མུ་མཐུད་རྒྱབ་སྐྱོར་དང་། ས་གནས་ཁག་ལ་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཐོག་བུན་གཏོང་སྐྱེད་གསབ་དང་། གཙོ་ཆེའི་ལག་རྩལ་ཁྱབ་གདལ། ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་རྣམ་པ་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐུལ་ལྕག་བཏང་བ་རེད། དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་མ་ལག་འཐུས་སྒོ་ཚང་པོ་འཛུགས་རྒྱུར་གཙོ་གནད་ཐོག་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་མནའ་འབྲེལ་ཚད་ཡོད་ཀུང་སིས་མ་དངུལ་གཏོང་བའི་ཐད་སྒོར་དུང་ཕྱུར་30མུ་མཐུད་བཀོད་སྒྲིག་བྱས་པ་ལས་མ་དངུལ་ཁག་གཅིག་འབྲེལ་ཡོད་ཞིང་ཆེན་གྱིས་རྒྱལ་ཁབ་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་མནའ་འབྲེལ་གྱི་མ་དངུལ་གཏོང་བའི་ཐད་ཁ་གསབ་ཏུ་སྤྲད་པ་དང་། 2017ལོའི་ཟླ་བཞི་པའི་བར་ཏུ། རྒྱལ་ཡོངས་སུ་ཁྱོན་ཞིང་ཆེན(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར)སོ་གསུམ་གྱིས་ཞིང་ཆེན་རིམ་པའི་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཀུང་སི་བཙུགས་པ་དང་། རྒྱལ་ཡོངས་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་མ་ལག་གི་མ་དངུལ་སྒོར་དུང་ཕྱུར་446.88ཟིན་ཏེ་འོག་རིམ་དུ་ཡན་ལག་སྒྲིག་གཞི་བཙུགས་ནས་ངོ་བོའི་རང་བཞིན་གྱི་གཉེར་སྐྱོང་བྱེད་པའི་དུས་མཚམས་སུ་བསླེབས་པས། རིམ་པ་མང་ཞིང་ཁྱབ་རྒྱ་ཆེ་བའི་རྒྱལ་ཡོངས་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་མ་ལག་རགས་ཙམ་ཆགས་ཡོད་པ་རེད།
         དེ་དང་ཆབས་ཅིག ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་ཚབ་གཉེར་སོགས་ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་གྱི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་། ཆེད་ལས་ཅན་གྱི་ཞིང་ལས་ཞབས་ཞུའི་རྩ་འཛུགས། ཞབས་ཞུ་རྣམ་པའི་ཞིང་པའི་མཉམ་ལས་ཁང་སོགས་ནུས་ཤུགས་ངེས་ཅན་ལྡན་ཞིང་ཞབས་འདེགས་རྟག་ཏུ་ཞུ་ཐུབ་པའི་བྱེད་པོར་རྒྱབ་སྐྱོར་བྱས་པ་དང་། འབྲུ་རིགས་སོགས་གཙོ་ཁྲིད་ཐོན་ལས་དང་ཞིང་པར་དགོས་མཁོ་ཆེ་བའི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་འབྲུ་རིགས་དང་། སྲིང་བལ། བཟའ་སྣུམ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱེད་མཁན་ཞིང་པ་ཚོར་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མཁོ་འདོན་དང་ལྗང་མདོག་སྣོད་བཅུད་ཀྱི་ཕན་ཆེའི་དེང་རབས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་གཅིག་སྡུད་ཡུག་སྦྲེལ་གྱིས་ཁྱབ་གདལ་བཏང་ནས་ཞིང་དུད་ཆུང་ངུའི་ཐོན་སྐྱེད་དེ་དེང་རབས་ཞིང་ལས་འཕེལ་རྒྱས་ལམ་བུར་ཁྲིད་པ་རེད།
         གཞན་ཡང་། རྒྱལ་ཁབ་ཀྱིས་ད་དུང་ས་ཞིང་བརྒྱུད་བཤུག་ལ་ཁྲིད་སྟོན་བྱས་ནས་ཚད་ལྡན་དུ་གཏོང་བ་དང་། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྔོན་ཐོན་ལག་རྩལ་སྤྱོད་པ། ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚད་ལྡན་གྱི་ཐོན་སྐྱེད་བྱེད་པ་སོགས་བརྒྱུད་དཔེ་མཚོན་ལྡན་པའི་ཁྱིམ་ཚང་ཞིང་ར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཡང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།