འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་ཡང་བསྐྱར་ཞོ་སྟོན་དུ་མངོན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་ཡང་བསྐྱར་ཞོ་སྟོན་དུ་མངོན་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ནི་ཟླ་8ཚེས་21ཉིན་ནས་ཟླ་8ཚེས་27ཉིན་བར་ལྷ་ས་རུ་གཏོང་རྒྱུ་ཡིན་པ་དང་། དུས་ཆེན་གཏོང་རིང་ལྷ་མོའི་ཟློས་གར་འཁྲབ་སྟོན་དང་། གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་ཚོགས་ཆེན། མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་ཆེན་པོ་བཅུ་སྤེལ་རྒྱུ་རེད། ལོ་འགའ་འགོར་རྗེས། ཞོ་སྟོན་བྱེད་སྒོར་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བསྐྱར་གསོ་བྱས་ཏེ་མི་རྣམས་ལ་རེ་སྒུག་ཆེན་པོ་བྱེད་དུ་བཅུག་ཡོད་པ་རེད།
         ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3:30ཐོག རྟ་རྒྱུག་ར་བར་ཐེངས་འདིའི་ཞོ་སྟོན་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ལ་ཞུགས་པའི་ལུས་རྩལ་པ་དང་རྟ་ཚོས་སྦྱོང་བརྡ་བྱེད་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་སྟོན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུའོ་ཧུའེ་ཡིས་ངོ་སྤྲོད་བྱས་ནས"ཐེངས་འདིའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ལ་དོན་སྙིང་ཐུན་མིན་ལྡན་པས། ཟླ་བ་གཉིས་ཀྱི་སྔོན་ནས་རྟ་རྩལ་རུ་ཁག་གིས་སྦྱོང་བརྡར་གྱི་གྲ་སྒྲིག་ལས་ཀ་བྱེད་འགོ་བཙུགས་ཤིང་། དེའི་དམིགས་ཡུལ་ཡང་དུས་ཆེན་ལ་སྔར་ལས་དགའ་སྟོན་རྟེན་འབྲེལ་དང་བཀྲ་ཤིས་འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱི་དུས་ཆེན་གྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཆེད་དུ་ཡིན"ཞེས་བརྗོད་པ་རེད།
         ལུའོ་ཧུའེ་ཡིས་ཐེངས་འདིའི་མི་རིགས་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ནི་ལོ་སྔོན་མ་ལས་གཞི་རྒྱ་ཆེ་ཞིང་། འཁྲབ་ཚན་ཡང་སྔར་ལས་སྣ་མང་ཕུན་སུམ་ཚོགས་པ་ཡིན་ཞིང་། ཁྱོན་བསྡོམས་འཁྲབ་ཚན་ཆེན་པོ་16དང་། འཁྲབ་སྟོན་རྣམ་གྲངས་28ཡོད་པ་སྟེ། དེ་རུ་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་འདུས་ཡོད་ལ། དེང་རབས་ཀྱི་རྟ་རྩལ་ཐབས་རྩལ་འཁྲབ་སྟོན་ཡང་འདུས་ཡོད་པ་དཔེར་ན། རྟ་ཐོག་ནས་ཁ་བཏགས་སྒྲུག་པ་དང་། རྟ་ཐོག་ནས་མེ་མདའ་རྒྱག་པ། རྟ་ཐོག་ནས་མདའ་འཕེན་པ། རྟ་ཐོག་ནས་གླུ་གར་འཁྲབ་སྟོན། རྟ་རྐྱང་ཐོག་མི་གཉིས་ཀྱིས་འཁྲབ་སྟོན། རྟ་གཉིས་ཐོག་མི་གསུམ་གྱིས་འཁྲབ་སྟོན། རྟ་མང་ཐོག་མི་མང་གིས་འཁྲབ་སྟོན་སོགས་འདུས་ཡོད་ཅིང་། སྐབས་དེར་ལུས་རྩལ་པ་28དང་རྟ་32ཐེངས་འདིའི་འཁྲབ་སྟོན་ལ་ཞུགས་རྒྱུ་རེད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་ནི་ཟླ་8ཚེས་23ཉིན་གྱི་སྔ་དྲོ་ཆུ་ཚོད་10:30ཐོག་ལྷ་ས་རྟ་རྒྱུག་ར་བར་དུས་ཐོག་ཏུ་འགོ་འཇུགས་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཆུ་ཚོད་2:00རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། གཟིགས་མོ་བ་ཚོ་རང་མོས་ཀྱིས་འཁྲབ་སྟོན་གཟིགས་པར་ཕེབས་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།