འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་མཆོད་བྱས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་སྤུན་ཟླར་མྱ་ངན་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྤྱི་མཆོད་བྱས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་སྤུན་ཟླར་མྱ་ངན་ཞུས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་གྱི་ཆུ་ཚོད་10:00སྐབས། སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་གི་གྲོང་གསར་ཁུལ་རིག་གནས་ཐང་ཆེན་གྱི་མཁའ་དབྱིངས་སུ་ཉེན་བརྡའི་སྒྲ་དང་རླངས་འཁོར་གྱི་དུང་སྒྲ་གྲགས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་དང་། དམག་དཔུང་གི་དཔོན་དམག  མང་ཚོགས་ཀྱི་འཐུས་མི་བཅས་མི་སྟོང་ཕྲག་ལྷག་ཙམ་མཉམ་ཏུ་འཛོམས་ཏེ་སྤྱི་མཆོད་བྱེད་སྒོ་སྤེལ་བ་རེད། མི་ཚོགས་རུ་སྟར་ལེགས་པར་སྒྲིག་ནས་བརྗིད་ཉམས་ལྡན་ཞིང་གུས་སྟབས་ཀྱིས་ལངས་ནས"8•8"ཀྱི་གཟི་ཚ་སྡེ་དགུ་རྫོང་གི་ས་ཡོམ་རིམ་པ་7.0བྱུང་བའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སྙིང་དབུས་ནས་མྱ་ངན་ཞུས་པ་རེད།
            ཚེས་15ཉིན་གྱི་ཆུ་ཚོད་12:00བར་དུ། ཁྱོན་བསྡོམས་ས་ཡོམ་གྱི་གནོད་འཚེའི་ཁྲོད་རྨས་སྐྱོན་ཕོག་པའི་རྨས་མ་525ལ་སྨན་བཅོས་བྱེད་ཐུབ་པ་དང་། དེའི་ནང་གི་མི་42ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། སྨན་བཅོས་ནུས་ལྡན་བྱས་མཐར། མི་18སྨན་ཁང་ལས་ཐོན་ཡོད་ལ། ད་ལྟ་སྨན་ཁང་དུ་རྨས་མ་141བསྡད་ཡོད་པ་རེད།
            ད་ལྟ། གེགས་ཁུལ་དངོས་ལ་ཕྱི་ནས་ཡོང་ཡོང་བའི་རོགས་སྐྱོར་སྨན་བཅོས་རུ་ཁག་བདུན་དང་། སྨན་བཅོས་མི་སྣ་43 སྨན་བཅོས་མྱུར་སྐྱོབ་རླངས་འཁོར་8 འཕྲོད་བསྟེན་རིམས་འགོག་རུ་ཁག་10བཅས་ཡོད་པ་རེད། གེགས་ཁུལ་དུ་གནས་སྐབས་སྨན་བཅོས་ས་ཚིགས་23བཙུགས་ཡོད་ལ། སྨན་བཅོས་མི་སྣ་135མངགས་ཏེ་སྐོར་སྐྱོད་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ད་ལྟ་གེགས་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་དང་འབྲེལ་བའི་འགོས་ནད་ཀྱི་གནས་ཚུལ་དང་གློ་བུར་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
    ༄༅།།སྤྱི་མཆོད་བྱས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་སྤུན་ཟླར་མྱ་ངན་ཞུས་པ།
    ༄༅།།སྤྱི་མཆོད་བྱས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་སྤུན་ཟླར་མྱ་ངན་ཞུས་པ།
    ༄༅།།སྤྱི་མཆོད་བྱས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་སྤུན་ཟླར་མྱ་ངན་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།