འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་མང་ཚོགས་ཁྲི་ཕྲག་ལྷག་ཙམ་གྱིས་གཞི་རྒྱ་ཆེ་བའི"སཱ་ཏེ"བཀོད་སྒྲིག་ལ་ངོ་རྒོལ་
    གྱི་འདུ་འཛོམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁོ་རེ་ཡའི་མང་ཚོགས་ཁྲི་ཕྲག་ལྷག་ཙམ་གྱིས་གཞི་རྒྱ་ཆེ་བའི'སཱ་ཏེ'བཀོད་སྒྲིག་ལ་ངོ་རྒོལ་
གྱི་འདུ་འཛོམས་བྱས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་ནི་ལྷོ་ཁོ་ར་ཡའི་སླར་གསོའི་དུས་ཆེན་ཡིན་པ་རེད། ཉི་ཧོང་གི་མི་སེར་དབང་སྒྱུར་ལས་ཐར་བར་དྲན་གསོ་ཞུ་བའི་ཉིན་མོ་འདིར། མང་ཚོགས་ཁྲི་ཕྲག་ལྷག་ཙམ་ཉིན་དེའི་ཕྱི་དྲོར་རྒྱལ་ས་སེ་འོལ་གྱི་ལྟེ་བར་འདུ་འཛོམས་བྱས་ཏེ"སཱ་ཏེ"བཀོད་སྒྲིག་མཚམས་འཇོག་བྱེད་པ་དང་། ཨ་རི་དང་མཉམ་འབྲེལ་དམག་སྦྱོང་བྱེད་མཚམས་འཇོག་པ། ཉི་ཧོང་སྲིད་གཞུང་དང་མཉམ་དུ་བཞག་པའི"འདོད་སྐོང་མ"ཡི་ཆིངས་ཡིག་དང་དམག་དོན་གསང་འཕྲིན་ཆོད་ཡིག་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
           བྱེད་སྒོ་གཙོ་གཉེར་ཕྱོགས"8•15རྒྱལ་དམངས་ཞི་བདེའི་བྱ་སྤྱོད་སྐུལ་སྤེལ་ཨུ་ལྷན"གྱིས་ཚོད་དཔག་བྱས་པར་གཞིགས་ན། ཉིན་དེའི་ཕྱི་དྲོར། མི་ཁྲི་གཅིག་ལྷམ་ཙམ"སཱ་ཏེ"བཀོད་སྒྲིག་ལ་ངོ་རྒོལ་གྱི་འདུ་འཛོམས་སུ་ཞུགས་ཡོད་པ་རེད། སློབ་མ་དང་། ངལ་རྩོལ་པ། ཞིང་པ་སོགས་གྲོང་མིའི་ཚོགས་པ་མང་པོ་ཞིག་གིས་གཏམ་བཤད་དང་། གླུ་གར་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་མཉམ་དུ་སྲིད་གཞུང་ལ་འཕྲལ་མར"སཱ་ཏེ"མ་ལག་བཀོད་སྒྲིག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་རེད།
           འདུ་འཛོམས་རྗེས་སུ། རྔམ་སྟོན་མང་ཚོགས་ཀྱིས"སཱ་ཏེ"བཀོད་སྒྲིག་ལ་ངོ་རྒོལ་གྱི་འབོད་སྒྲ་བསྒྲགས་ཏེ་ཨ་རིའི་གཞུང་ཚབ་ཁང་དང་ཉི་ཧོང་གི་གཞུང་ཚབ་ཁང་གཉིས་ལ་གཏད་ནས་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོ་སྤེལ་བ་རེད།
    ༄༅།།ལྷོ་ཁོ་རེ་ཡའི་མང་ཚོགས་ཁྲི་ཕྲག་ལྷག་ཙམ་གྱིས་གཞི་རྒྱ་ཆེ་བའི'སཱ་ཏེ'བཀོད་སྒྲིག་ལ་ངོ་རྒོལ་
གྱི་འདུ་འཛོམས་བྱས་པ།
    ༄༅།།ལྷོ་ཁོ་རེ་ཡའི་མང་ཚོགས་ཁྲི་ཕྲག་ལྷག་ཙམ་གྱིས་གཞི་རྒྱ་ཆེ་བའི'སཱ་ཏེ'བཀོད་སྒྲིག་ལ་ངོ་རྒོལ་
གྱི་འདུ་འཛོམས་བྱས་པ།
    ༄༅།།ལྷོ་ཁོ་རེ་ཡའི་མང་ཚོགས་ཁྲི་ཕྲག་ལྷག་ཙམ་གྱིས་གཞི་རྒྱ་ཆེ་བའི'སཱ་ཏེ'བཀོད་སྒྲིག་ལ་ངོ་རྒོལ་
གྱི་འདུ་འཛོམས་བྱས་པ།
    ༄༅།།ལྷོ་ཁོ་རེ་ཡའི་མང་ཚོགས་ཁྲི་ཕྲག་ལྷག་ཙམ་གྱིས་གཞི་རྒྱ་ཆེ་བའི'སཱ་ཏེ'བཀོད་སྒྲིག་ལ་ངོ་རྒོལ་
གྱི་འདུ་འཛོམས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།