འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐྱེས་པས་བྱེ་ཁུག་རྒྱ་མ་300འདེགས་པའི་
    འགྲན་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་16ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐྱེས་པས་བྱེ་ཁུག་རྒྱ་མ་300འདེགས་པའི་
འགྲན་བསྡུར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་བྱེ་ཁུག་འདེགས་པའི་འགྲན་ཚན་ཁྲོད་དུ། བོད་རིགས་དང་སོག་རིགས། ཧོར་རིགས། མན་ཇུ་རིགས། ཧུའེ་རིགས་བཅས་ཀྱི་སྐྱེས་པ་ཚོས་བྱེ་ཁུག་རྒྱ་མ་300འདེགས་པའི་འགྲན་བསྡུར་བྱས་པ་རེད། ལྗིད་འདེགས་ནི་གནའ་བོའི་ལུས་རྩལ་འགྲན་ཚན་ཞིག་ཡིན་པ་དང་། ཀྲུང་གོར་སྔོན་ཆད་གྲི་ཆེན་པོ་དང་། འདེགས་རྡོ། རྡོ་ཟྭ་སོགས་འདེགས་པའི་འགྲན་ཚན་ཡོད་ཅིང་། འགྲན་བསྡུར་དེ་ལས་སྟོབས་ཤུགས་ཆེ་ཆུང་ཚད་འཇལ་བྱེད་པ་དང་། འགྲན་ཞུགས་པའི་ཁྲོད་ནས་སུ་སྟོབས་ཆེ་ཤོས་ཡིན་པ་ཁྲུན་ཐག་གཅོད་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ལ་སྤྱི་རྒྱ་65ཡི་རིམ་པ། སྤྱི་རྒྱ་75ཡི་རིམ་པ། སྤྱི་རྒྱ་85ཡི་རིམ་པ། སྤྱི་རྒྱ་90ཡན་གྱི་རིམ་པ་བཅས་སུ་བགོས་ཡོད་པ་རེད། བྱེ་ཁུག་ནི་རས་མཐུག་སྤྱད་དེ་གྲུ་བཞི་ནར་མོའི་དབྱིབས་ཅན་བཟོས་པ་ཡིན་ཞིང་། ལྗིད་ཚད་སོ་སོར་སྤྱི་རྒྱ་90དང་། སྤྱི་རྒྱ་100 སྤྱི་རྒྱ་110 སྤྱི་རྒྱ་120 སྤྱི་རྒྱ་140 སྤྱི་རྒྱ་150བཅས་ཡོད་པ་རེད།
    ༄༅།།མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐྱེས་པས་བྱེ་ཁུག་རྒྱ་མ་300འདེགས་པའི་
འགྲན་བསྡུར་བྱས་པ།
    ༄༅།།མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐྱེས་པས་བྱེ་ཁུག་རྒྱ་མ་300འདེགས་པའི་
འགྲན་བསྡུར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།