འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་སྐུ་འབུམ་བྱམས་པ་གླིང་ལ་བརྟེན་ནས་
    རྟེན་རྫས་བཤམས་མཛོད་ཁང་ཚོ་པ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ས་གནས་དེ་གས་བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་སྐུ་འབུམ་བྱམས་པ་གླིང་བརྟེན་ནས་བོད་ཀྱི་རིག་གནས་དང་མཚོ་སྔོན་གྱི་རྨ་ཆུ་དང་ཙོང་ཆུའི་རིག་གནས་འགྲེམས་སྟོན་བརྗོད་དོན་གཙོ་བོར་བྱེད་པའི་དངོས་མང་བཤམས་སྟོན་ཁང་ཚོ་པ་བཙུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་རིག་གནས་དེ་གར་གཅིག་ཏུ་བསྡུས་ནས་བསྟན་པ་རེད།
             སྐུ་འབུམ་བྱམས་པ་གླིང་ནི་ཟི་ལིང་གྲོང་ཁྱེར་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་25ཡི་སར་ཡོད་པའི་སྐུ་འབུམ་རྫོང་རུ་གསར་གྲོང་རྡལ་དུ་གནས་ཡོད་པ་དང་ཁྱད་དུ་འཕགས་པའི་ཆོས་ལུགས་དགའ་ཚལ་གྱི་ཨར་སྐྲུན་ཚོ་པ་དང་དེ་བཞིན་མི་རྣམས་ཡིད་དབང་འཕྲོག་པའི“སྐུ་འབུམ་བྱམས་པ་གླིང་གི་ངོ་མཚར་གསུམ”ལ་བརྟེན་ནས་རྒྱལ་ཕྱི་རྒྱལ་ནང་དུ་སྐད་གྲགས་ཆོད་ཡོད་པས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།