འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུང་ཙི་སློབ་གླིང་གིས་པར་ཙིར་ལྷོ་རྒྱུད་དུ་རྒྱ་ཡིག་སྦྱོང་བའི་ཚ་རླབས་འཕེལ་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། པར་ཙིར་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་དགེ་སློབ་ཚོས་ཟླ་བ་རྗེས་མར་འགོ་འཛུགས་རྒྱུའི་དབྱར་སྒར་གྱི་གྲ་སྒྲིག་བྱེད་བཞིན་ཡོད། སྐབས་དེ་དུས་ཁུང་ཙི་སློབ་གླིང་གི་སློབ་མ་ཀྲུང་གོར་རྒྱ་ཡིག་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཀྲུང་གོའི་སྤྱི་ཚོགས་དང་རིག་གནས་ཉམས་སུ་མྱོང་རྒྱུ་རེད།
            2012ལོར་བཙུགས་པའི་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་དེ་ལྟེ་བའི་གྲོང་ཁྱེར་ཨ་ལེ་ཀེ་ལི་ཀང་དུ་གནས་པ་དང་། 2014ལོ་ནས་བཟུང་མཉམ་ལས་སློབ་གཉེར་བྱེད་མཁན་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱིས་ལོ་གཅིག་ལ་དུས་གཅིག་གི་དབྱར་སྒར་བྱེད་སྒོ་སྤེལ་གྱི་ཡོད། ཁུང་ཙི་སློབ་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་ཨ་ཐོ་སི·མུའུ་ཉི་ཨའོ་སི་ཡིས་འདི་ལོའི་དབྱར་སྒར་གྱི་བྱེད་སྒོ་དེ་ཟླ་8ཚེས་3ཉིན་འགོ་འཛུགས་རྒྱུ་དང་དུས་ཡུན་གཟའ་འཁོར་3ཡིན་པ་དང་ཁུང་ཙི་སློབ་གླིང་གི་སློབ་མ་28ཀྲུང་གོར་སྐྱོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
            མུའུ་ཉི་ཨའོ་སི་ཡིས་སློབ་མ་ཚོས་ཀྲུང་གོར་རྒྱ་ཡིག་སློབ་སྦྱོང་བྱེད་པ་ཕུད། ད་དུང་རིག་གནས་བྱེད་སྒོ་སྣ་ཚོགས་ལ་ཞུགས་རྒྱུ་དང་གནའ་ཤུལ་གྲགས་ཅན་ལ་ལྟ་སྐོར་བྱ་རྒྱུ་རེད། “དབྱར་སྒར་ཁྲོད་རིག་གནས་ཉམས་སུ་མྱོང་བའི་སློབ་ཚན་མི་ཉུང་བ་ཞིག་ཡོད་པས། སློབ་མ་ཚོས་རང་ཉིད་ངོ་མས་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་ཉམས་སུ་མྱོང་བ་དང་ཀྲུང་གོ་དངོས་འབྲེལ་ཉམས་སུ་མྱོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
            ཧྥེ་ལི་ཧྥེ·ཅ་གཡོད་ཐོའུ་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་དུ་རྒྱལ་སྤྱིའི་འབྲེལ་བ་རིག་པའི་འབུམ་རམས་པའི་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། དང་ཐོག་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུའི་གདམ་ག་བྱས་པ་ནི་ཀྲུང་གོ་འདི་ཉིད་ཆེད་ལས་ཞིབ་འཇུག་གི་ཁ་ཕྱོགས་སུ་བརྩིས་ནས་ལོ་འགའི་ནང་ཁོང་གིས་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་ཚད་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ཡོད།
            ན་ནིང་གི་དབྱར་སྒར་སྐོར་གླེང་སྐབས། ཅ་གཡོད་ཐོའུ་ཡིས་དེ་ནི་བརྗེད་པར་དཀའ་བའི་འགྲུལ་སྐྱོད་ལམ་ཐག་ཅིག་རེད་ཅེས་བརྗོད། གཟའ་འཁོར་ཁ་ཤས་ནང་ཁོང་དང་ཁོང་གི་སློབ་གྲོགས་ཚོས་གནའ་བོའི་ཕོ་བྲང་དང་ཐེན་ཐན་ལ་ལྟ་སྐོར་བྱས་པ་མ་ཟད། ད་དུང་དབྱི་ཧོ་ཡོན་དང་ལྕགས་རི་རིང་པོ་སོགས་ལ་ལྟ་སྐོར་བྱས་ཡོད། ཁོང་གིས“དེ་དུས་ང་རང་ཀྲུང་གོར་སྐྱོད་ཐེངས་དང་པོ་ཡིན་པ་དང་། པེ་ཅིང་གི་ཁྲང་ཞི་བལྟ་ཐེངས་དང་པོ་ཡིན་པ། ཀྲུང་གོའི་ཞིམ་ཟས་ཀྱི་བྲོ་བ་མྱོང་ཐེངས་དང་པོ་ཡིན། ཀྲུང་གོའི་མཛེས་ལྗོངས་དང་ཞིམ་ཟས། སེམས་རྩ་འཁོལ་བའི་ཀྲུང་གོ་བ་ཚང་མ་ངས་བརྗེད་པར་དཀའ་བ་ཞིག་ཡོད”ཅེས་བརྗོད།
            དབྱར་སྒར་ཕུད་ཁུང་ཙི་སློབ་གླིང་གིས་ད་དུང་བྱེད་སྒོ་སྣ་ཚོགས་གཉེར་བ་དང་ཀྲུང་གོའི་སྐད་ཡིག་དང་རིག་གནས་ཁྱབ་གདལ་བཏང་ཡོད། ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་སོགས་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་སྐབས། ཁུང་ཙི་སློབ་གླིང་གིས་དགེ་སློབ་སྒྲིག་འཛུགས་བྱས་ཏེ་སློབ་ཁང་ནས་ཕྱིར་བསྐྱོད་དེ་པར་ཙིར་གྱི་མང་ཚོགས་དཀྱུས་མར་ཀྲུང་གོའི་རིག་གནས་མངོན་པར་བྱེད་ཀྱི་ཡོད། གཞན་ཡང་། ཁུང་ཙི་སློབ་གླིང་གིས་ཨ་ལེ་ཀེ་ལི་ཀང་དང་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་སྲིད་གཞུང་རིག་གནས་པུའུ་དང་མཉམ་ལས་བྱས་ནས་རིག་གནས་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་སྤེལ་གྱི་ཡོད།
            དེ་དང་ཆབས་ཅིག་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོ་ཤེས་རྟོགས་བྱེད་པའི་པར་ཙིར་གྱི་མང་ཚོགས་ཚོའི་དགའ་སྣང་ཇེ་ཆེར་འཕེལ་ཡོད། ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་མ་ཐག་སློབ་མ་70ཡོད་པ་དང་། མིག་སྔར་སློབ་མ་250ཡོད་པ་དེ་དག་རིམ་པ་མི་འདྲ་བ་4ལ་དབྱེ་ཡོད། ཀྲུང་གོའི་དགེ་རྒན་6དང་པར་ཙིར་གྱི་ལས་རོགས་དགེ་རྒན་གཉིས་ཡོད་པ་རེད།
            ཁུང་ཙི་སློབ་གླིང་གིས་ད་དུང་སློབ་དུས་སྐར་འགོད་སློབ་ཚན་ཏེ། ཀྲུང་གོའི་སྐད་ཡིག་དང་། རིག་གནས། སྒྱུ་རྩལ་བཅས་བཀོད་སྒྲིག་བྱས་ཡོད། སློབ་ཚན་གྱི་ནང་དོན་རྒྱ་ཡིག་ནས་ཀྲུང་གོའི་ཁྲང་ཞི་དང་གློག་བརྙན་བར་འགྱུར་ལྡོག་བཏང་ཡོད། སློབ་འཁྲིད་བྱེད་མཁན་དགེ་རྒན་ཀུའུ་ཐེ་ཅུན་གྱིས“མིག་སྔར་དེ་ནི་སློབ་དུས་ཚང་མའི་ནང་འཛུགས་པའི་སློབ་ཚན་ལ་གྱུར་ཡོད་པ་དང་སློབ་ཚན་ཉན་མཁན་སློབ་མས་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད”ཅེས་བརྗོད།
            ཀུའུ་ཐེ་ཅུན་གྱིས“རྒྱ་ཡིག་རྐྱང་པ་སློབ་པ་ཕུད་ཁུང་ཙི་སློབ་གླིང་འདི་ཉིད་ཀྲུང་གོའི་རིག་གནས་ཁྱབ་གདལ་གཏོང་བའི་སྟེགས་བུ་ཞིག་ཡིན་པའི་ངོས་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོ་དང་ལྷག་དོན་དུ་དམངས་ཁྲོད་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་མ་བཏང་ནས་པར་ཙིར་གྱི་མང་ཚོགས་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོའི་རིག་གནས་ཀྱི་ཤུགས་རྐྱེན་ཕོག་ཤུགས་ཆེ་རུ་གཏོང་དགོས”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།